▶ཤེར་བསྟན་དང་ཚེ་དབང་ལྷ་མོའི་གླུ་གཞས་༼ས་ག་ཟླ་བ།༽
སྤེལ་བའི་དུས་ཚོད། : 2019-06-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



ཚིག ཤར་གླིང་ར་སྨྱུག
དབྱངས། རྫོགས་ཆེན་བསྟན་འཛིན།
ལེན་མཁན། ཤེར་བསྟན། ཚེ་དབང་ལྷ་མོ།

དེ་རིང་གི་སྨོན་འདུན་ཁྲོད་ནས།།
དཀར་ཟས་ཀྱི་ཟླ་བ་བསུ་འགྲོ།།
ཉམ་ཆུང་གི་ཚེ་སྲོག་ཕྲ་མོ།།
དཀར་ཟས་ཀྱིས་ཚེ་ཐར་བཏང་ཡོད།།
ས་ག་ཟླ་བ། ས་ག་ཟླ་བ།
དཀར་ཟས་ཀྱི་ཟླ་བར་འགྱུར་བའི་སྨོན་འདུན།

སྔོན་བྱུང་གི་ལོ་རྒྱུས་ཁྲོད་ནས།།
སྟོན་པ་ཡི་མཛད་པ་དྲན་བྱུང་།།
འབུམ་འགྱུར་གྱི་ཟླ་བ་ཚེས་དུས།།
དཀར་ཟས་ཀྱིས་ཚེ་ཐར་བཏང་ཡོད།།
ས་ག་ཟླ་བ། ས་ག་ཟླ་བ།
དཀར་ཟས་ཀྱི་ཟླ་བར་འགྱུར་བའི་སྨོན་འདུན།

འཚེ་མེད་ཀྱི་ལྟ་སྤྱོད་ཁྲོད་ནས།།
དཀར་ཟས་ཀྱི་དགེ་མཚན་དྲན་བྱུང་།།
མཐའ་མེད་ཀྱི་ཉམ་ཆུང་ཚེ་སྲོག།
དཀར་ཟས་ཀྱིས་ཚེ་ཐར་བཏང་ཡོད།།

དེ་རིང་གི་སྨོན་འདུན་ཁྲོད་ནས།།
དཀར་ཟས་ཀྱི་ཟླ་བ་བསུ་འགྲོ།།
ཉམ་ཆུང་གི་ཚེ་སྲོག་ཕྲ་མོ།།
དཀར་ཟས་ཀྱིས་ཚེ་ཐར་བཏང་ཡོད།།
ས་ག་ཟླ་བ། ས་ག་ཟླ་བ།
དཀར་ཟས་ཀྱི་ཟླ་བར་འགྱུར་བའི་སྨོན་འདུན།

སྔོན་བྱུང་གི་ལོ་རྒྱུས་ཁྲོད་ནས།།
སྟོན་པ་ཡི་མཛད་པ་དྲན་བྱུང་།།
འབུམ་འགྱུར་གྱི་ཟླ་བ་ཚེས་དུས།།
དཀར་ཟས་ཀྱིས་ཚེ་ཐར་བཏང་ཡོད།།
ས་ག་ཟླ་བ། ས་ག་ཟླ་བ།
དཀར་ཟས་ཀྱི་ཟླ་བར་འགྱུར་བའི་སྨོན་འདུན།

འཚེ་མེད་ཀྱི་ལྟ་སྤྱོད་ཁྲོད་ནས།།
དཀར་ཟས་ཀྱི་དགེ་མཚན་དྲན་བྱུང་།།
མཐའ་མེད་ཀྱི་ཉམ་ཆུང་ཚེ་སྲོག།
དཀར་ཟས་ཀྱིས་ཚེ་ཐར་བཏང་ཡོད།།

ཡོང་ཁུངས། བོད་གླུ་འཕྲིན་སྟེགས།