▶བསྟན་འཛིན་དབང་མོའི་གཞས་༼ གསེར་གྱི་མིག་འབྲས།༽
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ གསེར་གྱི་མིག་འབྲས།༽
ཚིག བསང་མེ།
དབྱངས། པ་སངས།
གཞས་མ། བསྟན་འཛིན་དབང་མོ།

སྔོན་རྗེས་ཡང་གསུམ་གསེར་གྱི་ཟམ་པ་ཡིན།།
ཁྱོད་དང་ང་ལ་ཡོད་པའི་ལམ་བུ་ཡིན།།
ལམ་བུ་འདི་ཡི་དཀའ་ཚེགས་བསམ་བཞིན་དུ།།
མཉམ་དུ་འགྲོ་དང་ཕ་བཟང་བུ་ཚ་ལགས།།

སྐད་དང་ཡི་གེ་གསེར་གྱི་མིག་འབྲས་ཡིན།།
ཁྱོད་དང་ང་ལ་ཡོད་པའི་ནོར་བུ་ཡིན།།
ནོར་བུ་འདི་ཡི་རིན་ཐང་བསམ་བཞིན་དུ།།
མཉམ་དུ་འགྲོ་དང་ཕ་བཟང་བུ་ཚ་ལགས།།

སྔོན་རྗེས་ཡང་གསུམ་གསེར་གྱི་ཟམ་པ་ཡིན།།
ཁྱོད་དང་ང་ལ་ཡོད་པའི་ནོར་བུ་ཡིན།།
ལམ་བུ་འདི་ཡི་དཀའ་ཚེགས་བསམ་བཞིན་དུ།།
མཉམ་དུ་འགྲོ་དང་ཕ་བཟང་བུ་ཚ་ལགས།།

ཆེ་བཀུར་ཆུང་བྱམས་དམ་པའི་གསུང་རབ་ཡིན།།
ཁྱོད་དང་ང་ལ་གནང་བའི་སྲོལ་བཟང་ཡིན།།
མཐུན་པ་ལས་ཀྱི་འགྲིག་པའི་སློབ་གྲོགས་ཚོ།།
སྐད་དང་ཡི་གེ་སྲུང་བའི་བདག་པོ་ཡིན།།

ཡོང་ཁུངས། སྦྲ་རོག་རོག
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། ལྷ་སྐྱིད།