༼བསམ་དོན་འགྲུབ་གླུ༽
གླུ་འགོ་མ་གསེར་གྱི་མཆོད་རྟེན་རེད།
གན་མཇལ་ན་སྡིག་སྒྲུབ་དག་ནི་རེད།
གླུ་བར་མ་ཉག་ཁའི་ལབ་ཙེ་རེད།
གན་བསྟད་ན་དགྲ་ལྷ་འཁོར་ནི་རེད།
གླུ་གཞུག་མ་ཆུ་ཆེན་ཟམ་པ་རེད།
གན་འཕངས་ན་བསམ་དོན་འགྲུབ་ནི་རེད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། བསོད་ཚེ། |