▶སྒྲོན་དཀར་སྐྱིད་ཀྱི་གཞས་གསར་༼སེམས་ཀྱི་སྐྱོ་གཞས།༽
སྤེལ་བའི་དུས་ཚོད། : 2019-04-23 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


༼ སེམས་ཀྱི་སྐྱོ་གཞས། ༽

ཚིག རྟ་བོའུ་ཕྱུར་མིག་དམར་པོ།
དབྱངས། དབང་རྒྱལ།
གཞས་མ། སྒྲོན་དཀར་སྐྱིད།

བུ་མོ་ཆུང་ཆུང་ལྷའི་རིའི་འདབས་ན་ཡོད།།
གསོམ་དཀར་བཞོ་ཟེའུ་བུ་མོའི་ལག་ན་ཡོད།།
ཐོད་དཀར་འབྲི་མོ་བུ་མོའུ་སེམས་བརྟེན་ཡིན།།
ཉམ་ཆུང་སེམས་པ་མི་སྐྱོ་ག་མེད་རེད།།

བུ་ཆུང་དོན་འགྲུབ་ཕ་མའི་མདུན་ན་ཡོད།།
བུ་ཆུང་དོན་འགྲུབ་ཕ་མའི་རྒྱུད་འཛིན་རེད།།
ཕ་མས་བསགས་པའི་རྒྱུ་ནོར་རྒྱན་ལ་སྐུགས།།
ཉམ་ཆུང་སེམས་པ་མི་སྐྱོ་ག་མེད་རེད།།

ཕ་སྐད་གཙང་མ་བོད་མའི་བླ་སྲོག་རེད།།
རང་སྐད་གཙང་མ་མི་བཀོལ་གཞན་སྐད་བཀོལ།།
ཕ་སྐད་གཙང་མ་རིམ་བཞིན་འཇིག་ལ་ཉེ།།
ཉམ་ཆུང་སེམས་པ་མི་སྐྱོ་ག་མེད་རེད།།

ཡོང་ཁུངས། དྲ་ལམ་ནས།