▶བསོད་ནམས་སྟོབས་རྒྱལ་དང་སྒྲོལ་མ་མཚོའི་གཞས་ ༼ཆང་ལས་འཕྲོས་པའི་གཞས།༽
སྤེལ་བའི་དུས་ཚོད། : 2019-04-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཆང་ལས་འཕྲོས་པའི་གཞས།༽
ཚིག ཡུམ་ཆེན་སྐྱབས།
དབྱངས། བསོད་ནམས་སྟོབས་རྒྱལ།
ལེན་མཁན། བསོད་ནམས་སྟོབས་རྒྱལ་དང་སྒྲོལ་མ་མཚོ།

ལོ་ལ་བསྙལ་བའི་ལོ་ཆང་།།
ཟླ་བ་སྒྲོལ་མས་བཀྱགས་བྱུང་།།
འཛུམ་ལ་བྲིས་པའི་གཡེར་བག།
ཆང་ཕོར་ཁ་ལ་ལྷུང་ཡོང་།།
ཨ་ལ་བུ་མོ་ཡེ།
ཆང་ལས་དྭངས་པའི་སེམས་པ།།
ང་ལ་ཁྱོགས་དང་ཨེ་ཆོག།
མཉེས་དག་གནང་དང་ཨེ་ཆོག།
ཨ་ལ་བུ་མོ།
མཉེས་དག་གནང་དང་ཨེ་ཆོག
སྲིད་པ་ངག་གི་ཆང་གཞས།།
ཚེ་རིང་བཟང་པོས་བཏང་བྱུང་།།
དབྱངས་ལ་འཁྱིལ་བའི་བཟི་ཁ།།
སྙིང་གི་སྙི་སར་ཟུག་ཡོང་།།
ཨ་ལ་བུ་ཆུང་ཡེ།
གཞས་ལས་སྙན་པའི་སྙིང་གཏམ།།
ང་ལ་ཐོངས་དང་ཨེ་ཆོག།
རྡོ་ལ་བྲིས་དང་ཨེ་ཆོག།
ཨ་ལ་བུ་ཆུང་།
རྡོ་ལ་བྲིས་དང་ཨེ་ཆོག
རྟེན་འབྲེལ་གཡང་གི་ཆང་ཕུད།།
འུ་གཉིས་མཉམ་དུ་ཞུས་ཡོད།།
རང་རང་ཡིད་ཀྱི་འདུན་མ།།
མིག་གི་རྒྱལ་མོས་བཤད་ཡོང་།།
ཨ་ལ་བུ་ཆུང་བུ་མོ་ཡེ།
ཕུད་ལས་ལྷག་པའི་བརྩེ་བ།།
ང་ལ་བྱིན་དང་ཨེ་ཆོག།
རུས་ལ་བརྐོས་དང་ཨེ་ཆོག།
ཨ་ལ་བུ་ཆུང/བུ་མོ།
རུས་ལ་བརྐོས་དང་ཨེ་ཆོག

ཡོང་ཁུངས། བོད་གཞས་འཕྲིན་སྟེགས།
རྩོམ་སྒྲིག་པ། ལྷ་སྐྱིད།