▶སྟག་སེང་ཐར་གྱི་རྡུང་ལེན་གསར་པ་ ༼རྒྱང་རིང་ནས་འོངས་པའི་མི།༽
སྤེལ་བའི་དུས་ཚོད། : 2019-03-29 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


༼རྒྱང་རིང་ནས་འོངས་པའི་མི།༽
ཚིག ལྷ་ཆབ་སྦྱིན་པ།
དབྱངས། པདྨ།
ལེན་མཁན། སྟག་སེང་ཐར།

རྒྱང་རིང་རྒྱང་རིང་ཞིག་ནས་འདིར་འོངས་སྟེ།།
གངས་རིའི་འདབ་ནས་སྦྲང་དཀར་རྩམ་པ་ཟོས།།
གཙང་བོའི་ངོགས་ནས་ཆུ་མོ་ཧུབ་གསུམ་འཐུང་།།
ང་ཡི་ལུས་ལ་བོད་པའི་འདངས་ཞིག་ཤར།།

རྒྱང་རིང་རྒྱང་རིང་ཞིག་ནས་འདིར་འོངས་སྟེ།།
བོད་ཀྱི་ཡུལ་ནས་གསལ་བྱེད་སུམ་ཅུ་བསླབ།།
སྦྲ་ནག་གྲུ་བཞི་ཞིག་ལས་འཚོ་བ་རོལ།།
ང་ཡི་སེམས་ལ་བོད་པའི་དཔའ་རྩལ་རྫོགས།།

རྒྱང་རིང་རྒྱང་རིང་ཞིག་ནས་འདིར་འོངས་སྟེ།།
རམ་དཀར་རྩྭ་ཐང་སྟེང་ནས་པི་ཝང་དཀྲོལ།།
སྤང་རྒྱན་མེ་ཏོག་ཁྲོད་ནས་གླུ་དབྱངས་བླངས།།
ང་ཡི་ངག་ལ་བོད་པའི་ཉམས་ཞིག་ཐོན།།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།