▶ཁ་བའི་མེ་ཏོག་ཚན་སྡེབ་ཀྱི་གླུ་གཞས་གསར་པ་༼གངས་ལྗོངས་གཡང་གི་བུམ་པ།༽
སྤེལ་བའི་དུས་ཚོད། : 2019-03-27 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


༼གངས་ལྗོངས་གཡང་གི་བུམ་པ།༽
གཞས་ཚིག རུ་དམ་སྐལ་བཀྲ།
གཞས་གདངས། ཚེ་རིང་དོན་འགྲུབ།
གཞས་མ། ཁ་བའི་མེ་ཏོག་ཚན་སྡེབ།

མཐོ་བོད་གཞུང་ལམ་རིང་མོ་ན།
མི་ཚོགས་ཁྲ་ཁྲ་ཟིང་ཟིང་དེས།
དད་པའི་སྨོན་ལམ་ཁུར་བཞིན་དུ།
གངས་ལྗོངས་ཡུལ་ན་བསྐྱོད་པ་འདི།
ངོ་མཚར་ལྷ་ཡུལ་འགྲིམ་པ་ཡིན།
བྱམས་བརྩེའི་ལྷ་ཕྲུག་མཇལ་བ་ཡིན།
མི་ཚོགས་མི་ཚོགས་ང་ལ་ཉོན།
འཛམ་གླིང་གཙུག་ཏོར་དཀར་མོ་ན།
ས་ཆུ་དྭངས་གཙང་ཤིག་ཤིག་ཡོད།
དེ་ལ་གད་སྙིགས་བརྡལ་མི་ཉན།
ཡོད་ཚད་རང་བྱུང་ཁོར་ཡུག་དེ།
སྲིད་པའི་ཞིང་ཁམས་རྡོག་གཅིག་ཡིན།
མི་ཚོགས་ལགས་མི་ཚོགས།
སྲིད་པའི་ཞིང་ཁམས་རྡོག་གཅིག་ཡིན།

མཐོ་བོད་གཞུང་ལམ་རིང་མོ་ན།
མི་ཚོགས་ཁྲ་ཁྲ་ཟིང་ཟིང་དེས།
ཡུལ་སྐོར་ལྟད་མོར་རོལ་བཞིན་དུ།
གངས་ལྗོངས་ཡུལ་ལ་བསྐྱོད་པ་འདི།
ས་ཡི་དཀྱེལ་ལ་ཧེབ་པ་ཡིན།
སེམས་ཀྱི་གུ་ཡངས་ཀློག་པ་ཡིན།
མི་ཚོགས་མི་ཚོགས་ང་ལ་ཉོན།།
འཛམ་གླིང་གཙུག་ཏོར་དཀར་མོ་ན།
རིན་ཆེན་གཏེར་ཁ་ཤོམ་ཤོམ་ཡོད།
དེ་ལ་གས་སྲུབས་གཏོང་མི་ཉན།
ཡོད་ཚད་རིན་བྲལ་ནོར་བུ་དེ།
སྲིད་པའི་གཡང་བུམ་རྡོག་གཅིག་ཡིན།
མི་ཚོགས་ལགས་མི་ཚོགས།
སྲིད་པའི་གཡང་བུམ་རྡོག་གཅིག་ཡིན།

ཡོང་ཁུངས། དྲ་ལམ་ནས།
རྩོམ་སྒྲིག་པ། ལྷ་སྐྱིད།