▶གཡུ་ཆུང་དྲུག་དཀར་ཚན་སྡེབ་ཀྱི་གཞས་༼ བྱིས་པའི་བློ་སྣ།༽
སྤེལ་བའི་དུས་ཚོད། : 2019-03-26 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


༼བྱིས་པའི་བློ་སྣ།༽
ཚིག བྱང་སྨེ་བདུན།
དབྱངས། དབང་གྲགས་རྡོ་རྗེ།
ལེན་མཁན། བསམ་འགྲུབ་སྒྲོལ་མ། དོན་འགྲུབ་སྒྲོལ་མ།

ཆུང་ཆུང་ལུ་གུ་བདའ་བའི།།
ན་ཆུང་བྱིས་པའི་བློ་སྣ།།
དཔྱིད་དཔལ་ཀླུང་ལ་འཐིམ་སོང་།།
རྩྭ་ལྗང་མཆེ་བ་མངོན་ཡོད།།

ཆུང་ཆུང་མེ་ཏོག་འཐུ་བའི།།
ན་ཆུང་བྱིས་པའི་བློ་སྣ།།
ཕ་རིའི་སྤང་ལ་འཁྱུད་སོང་།།
སྤང་ལ་མེ་ཏོག་བཞད་ཡོད།།

ཆུང་ཆུང་བྱེའུ་དཀྲོགས་པའི།།
ན་ཆུང་བྱིས་པའི་བློ་སྣ།།
སྔོ་ལྗང་ནགས་ལ་ཤོར་ཡོད།།
ནགས་ལ་ཁུ་བྱུག་གྲགས་སོང་།།

ཆུང་ཆུང་དཔེ་ཁུག་ཁུར་བའི།།
ན་ཆུང་བྱིས་པའི་བློ་སྣ།།
སློབ་རའི་ནང་ལ་འཁོར་སོང་།།
དཔེ་ཀློག་དབྱངས་རྟ་འཁྱིལ་ཡོད།།

གཡུ་ཆུང་དྲུག་དཀར་ཚན་སྡེབ་ནི་འབའ་རྫོང་གཡང་གི་ར་བ་ནས་ལང་ཚོའི་མེ་ཏོག་གི་འདབ་ལག་རྒྱས་ཤིང་ནར་སོན་ཏེ་རང་བཞིན་གྱིས་ཚན་སྡེབ་ཏུ་གྲུབ་པའི་མཚེ་མ་སྤུན་གཉིས་ཡིན། བྱིས་པ་ཁོ་གཉིས་ཀྱིས་སློབ་སྦྱོང་གཙོར་བྱས་ཏེ་གཞན་དགའ་ཕྱོགས་གླུ་དབྱངས་དང་། ཞབས་བྲོར་མོས་པའི་ཁྱད་ཆོས་རང་བཞིན་གྱིས་འཛོམས་སོང་། སློབ་ཆུང་ལོ་རིམ་དང་པོ་ནས་སློབ་གྲྭའི་དྲུག་གཅིག་སོགས་རིག་རྩལ་བྱ་འགུལ་ལ་ཞུགས་ཏེ་སྒྱུ་རྩལ་གྱི་ཕྱོགས་ལ་གོམ་ཆུང་སྤོས། སྤྱི་ལོ་༢༠༡༥ལོར་མཚོ་སྔོན་རྒྱང་སྒྲོག་ཁང་གིས་བསྡུས་པའི་བྱིས་པའི་ལོ་གསར་དགོང་ཚོགས་སྟེང་༼ཉི་གཞོན་གསར་བ༽ཞེས་པའི་གླུ་དབྱངས་ཕུལ་བས་མི་དམངས་ཀྱིས་དགའ་བསུ་མི་ཉུང་བ་ཐོབ་པས་གླུ་ངག་སྒྱུ་རྩལ་ལ་སྔར་ལས་དུང་བ་དང་མོས་པ་ཆེན་པོ་བྱུང་། སྤྱི་ལོ་༢༠༡༩ལོར་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་བརྩམས་ཆོས་གློག་བརྙན་ལྷ་མོ་དང་སྐལ་བྷེའི་ནང་དུ་མི་སྣ་འཁྲབ་སྟོན་བྱས། སྤྱི་ལོ་༢༠༡༨ལོའི་མེ་ཏོག་གངས་ལྷ་རྟགས་མའི་མདོ་ཁམས་ཡུལ་གྱི་བྱིས་པའི་གླུ་གཞས་འགྲན་ཚོགས་ལ་རང་གི་འཇོན་ནུས་བསྔོགས་འདོན་དང་ཆད་པ་ཁ་སྐོང་གི་ཕྱིར་དུ་ཞུགས།

ཐེངས་འདིར་༼ཉི་མ་སེར་པོ༽དང་༼བྱིས་པའི་བློ་སྣ༽ཞེས་པའི་གླུ་གཞས་གསར་བ་ཕུལ་བར་སྤྱི་ཚོགས་སྒང་ནས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

ཡོང་ཁུངས། དྲ་ལམ་ནས།
རྩོམ་སྒྲིག་པ། ལྷ་སྐྱིད།