▶༼ལོ་སར་ཡག་པོ།༽གངས་ཅན་པ་སྒྲོལ་མ་སྐྱབས། ཧོར་སྐྱེས་སྒྲོལ་མ་སྐྱབས།
སྤེལ་བའི་དུས་ཚོད། : 2019-02-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



༼ལོ་སར་ཡག་པོ།༽
ཚིག ཤེད་བུ།
དབྱངས། གངས་ཅན་པ་སྒྲོལ་མ་སྐྱབས།
གཞས་པ། གངས་ཅན་པ་སྒྲོལ་མ་སྐྱབས། ཧོར་སྐྱེས་སྒྲོལ་མ་སྐྱབས།


ལོ་སར་ཡག་པོ། སློབ་དཔོན་བཟང་པོ།
ཤེས་རབ་བཟང་པོའི་ས་དང་ལམ་ཡིན།
གངས་རི་དཀར་པོའི་སྤྱན་དང་སྲོག་ཡིན།
གནམ་ལོ་གསར་བའི་སྤྱན་མིག་འབྱེད་དུས།
གནམ་གྱིས་གནང་བའི་སྤྱན་དེ་དྲན་བྱུང་།
སློབ་དཔོན་བཟང་པོ། ལོ་སར་ཡག་པོ།


ལོ་སར་ཡག་པོ། ཕ་མ་བཟང་པོ།
མི་ལུས་བཟང་བོའི་ཤ་དང་ཁྲག་ཡིན།
དྲིན་ལན་ཟབ་མོའི་རྒྱབ་དང་མདུན་ཡིན།
གནམ་ལོ་གསར་བ་མདུན་ནས་ཚེས་དུས།
གནམ་ནས་ཟགས་པའི་བཀའ་དྲིན་དྲན་བྱུང་།
ཕ་མ་བཟང་པོ། ལོ་སར་ཡག་པོ།


ལོ་སར་ཡག་པོ། གྲོགས་པོ་ཡག་པོ།
ལས་དོན་ཡག་པོའི་དཔུང་དང་གཉེན་ཡིན།
དགའ་སྐྱོ་འཚོ་བའི་ཁ་ཞབས་གཉིས་ཡིན།
གནམ་ལོ་གསར་བའི་འཛུམ་ཆུང་གྲོལ་དུས།
གནམ་གྱིས་གནང་བའི་འཛུམ་མདངས་དྲན་བྱུང་།
གྲོགས་པོ་བཟང་པོ། ལོ་སར་ཡག་པོ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་པ། ལྷ་སྐྱིད།