གཞས་ཚིག བོང་སྟག་ལྷག་བསམ་རྒྱ་མཚོ།
གཞས་གདངས། དབྱངས་ཀྱི་ང་རོ།
གཞས་པ། སྟག་སེང་ཐར།
ཉི་མའི་རྣ་ལུང་ནང་ལ།།
གསེར་གྱི་ཨ་ལོང་བསྐོན་ཡོད།།
སྤྲིན་པ་ལྷོ་ནས་འཁོར་བྱུང་།།
རླུང་བུ་བྱང་ནས་ལྡང་བྱུང་།།
ཕ་ཡུལ་བོང་སྟག་ལུང་པ།།
ནམ་མཁའི་དབྱིངས་ན་ཆགས་ཡོད།།
མཚོ་མོའི་མེ་ལོང་ནང་ལ།།
དངུལ་གྱི་དུང་དཀར་འཁྱིལ་ཡོད།།
ཉ་མོས་གཡས་སྐོར་བྱས་སོང་།།
ངང་བས་གཡོན་སྐོར་བརྒྱབ་བྱུང་།།
ཕ་ཡུལ་བོང་སྟག་ལུང་པ།།
མཚོ་མོའི་ཁ་ན་ཆགས་ཡོད།།
རྩྭ་ཐང་སྤང་ཐང་གཉིས་ན།།
ཁྲ་ཚོམ་མེ་ཏོག་སྐྱེས་ཡོད།།
ལུག་ཁྱུ་གཡང་ལ་འཁོར་ཡོང་།།
ཕུ་ནུ་ཁྱིམ་ལ་འཛོམས་ཡོང་།།
ཕ་ཡུལ་བོང་སྟག་ལུང་པ།།
གཡང་ཁྱིམ་གྲུ་བཞི་ཞིག་ཡིན།།





ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། སྒྲོལ་མ། |