▶སངས་རྒྱས་སྒྲོལ་མའི་གཞས་གསར་༼ བརྩེ་བ་ང་ལ་གནང་རོགས།༽
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


༼བརྩེ་བ་ང་ལ་གནང་རོགས།༽
གཞས་ཚིག ཁ་གྱའི་ཁྱུང་སྔོན།
གཞས་དབྱངས། རྟ་མགྲིན་ཚེ་རིང་།
གཞས་མ། སངས་རྒྱས་སྒྲོལ་མ།

བརྩེ་བ་སྲད་བུ་ཕྲ་མོར།
སེམས་ཀྱི་དམ་ཚིག་བཏགས་ཡོད།
དམ་ཚིག་གསེར་གྱི་མེ་ཏོག
ཚེ་ཡི་གོང་བར་བཙུགས་ཡོད།
སེམས་ཀྱི་སྐར་ཁུང་ངོས་ལ།
སྐར་མའི་ཕྲ་རྒྱན་བཏགས་ཡོད།
ཕྲ་རྒྱན་གཡུ་བྱུར་རྒྱུན་ཐག
སེམས་པས་ཡང་ཡང་བསྡམས་ཡོད།
ཨ་ལ་ཡེ་་་།
རྨི་ལམ་ཆུ་མོའི་གཞུང་ནས་ཆུང་དུས་ལ་ཡེ་་་།
མི་ཚེ་ལང་ཚོའི་མེ་ཏོག ང་ལ་དབང་ན་ཆོག་ག

ཚེ་སྔོན་ལས་འཕྲོའི་ནང་དུ།
བརྩེ་བ་ཡི་གེར་ཕབ་ཡོད།
ཡི་གེ་ཆུ་ལ་མ་ཟེགས།
འོ་མའི་རང་མདངས་འཁྱིལ་ཡོད།
སེམས་ཀྱི་སྐར་ཁུང་ངོས་ལ།
སྐར་མའི་ཕྲ་རྒྱན་བཏགས་ཡོད།
ཕྲ་རྒྱན་གཡུ་བྱུར་རྒྱུན་ཐག
སེམས་པས་ཡང་ཡང་བསྡམས་ཡོད།
ཨ་ལ་ཡེ་་་།
འཛུམ་མདངས་འོ་མའི་ནང་ནས་ཆུང་དུས་ལ་ཡེ་་་།
མི་ཚེ་གཡང་གི་ནོར་བུ། ང་ལ་དབང་ན་ཆོག་ག
ཨ་ལ་ཡེ་་་།
སེམས་ཀྱི་མེ་ལོང་ནང་ནས་ཆུང་དུས་ལ་ཡེ་་་།
མི་ཚེ་སེམས་ཀྱི་བདེ་སྐྱིད། ང་ལ་དབང་ན་ཆོག་ག

ཡོང་ཁུངས། བོད་གཞས་འཕྲིན་སྟེགས།
རྩོམ་སྒྲིག་པ། བསོད་ཚེ།