▶ཚེ་རིང་དཔལ་འབར་དང་བཀྲ་ཤིས་ལྷ་མོ། སྐྱ་རེངས་དང་པོ།
སྤེལ་བའི་དུས་ཚོད། : 2019-01-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼སྐྱ་རེངས་དང་པོ།༽

ཚིག རང་གྲོལ་རྡོ་རྗེ།

དབྱངས། བསོད་ནམས་བཀྲ་བྷ།

ལེན་མཁན། ཚེ་རིང་དཔལ་འབར་དང་བཀྲ་ཤིས་ལྷ་མོ།


འཆར་ཀའི་ལང་ཚོའི་འོད་ཐིག།
ཤར་རིའི་རྩེ་ནས་འཛུམ་བྱུང་།།
བློ་གསལ་ང་ཚོའི་བློ་གཤོག།
འབྲི་ཀློག་སྦྱོང་བར་བྲེལ་ཡོད།།
སློབ་གྲོགས་ཚོ།
མལ་ལས་ལོངས།
སྐྱ་རེངས་དང་པོ་ཤར་བྱུང་།
ང་ཚོ་མཉམ་དུ་བློ་སྐྱོར་བྱེད་དུ་འགྲོ།
སློབ་དཔོན་ཐོན་མིས་བོད་ཡིག་གསར་ཏུ་བཏོན།
སྲོང་བཙན་སྒམ་པོས་རྒྱལ་ས་ལྷ་སར་སྤོས།
རིག་པ་ནང་བར་འཆི་ཡང་བསླབ་དགོས་གསུངས།
སློབ་གླིང་གཅིག་ནས་འཚར་བའི།།
ཆུང་སྐྱེས་ཆུང་གི་ཆུང་གྲོགས།།
མི་ཚེའི་ཁ་ཕྱོགས་འཚོལ་བའི།།
རིག་པའི་གླིང་གི་སློབ་གྲོགས།།
སློབ་གྲོགས་ཚོ། མདུན་དུ་བསྐྱོད།
རེ་བའི་ཉི་འོད་ཤར་བྱུང་།
ང་ཚོ་མཉམ་དུ་རིག་པ་སློབ་ཏུ་འགྲོ།
གསལ་བྱེད་སུམ་ཅུའི་གདངས་དབྱངས་སེམས་ལ་འཛིན།
དབྱངས་ཡིག་བཞི་ཡི་ང་རོ་ངག་ལ་འདྲེན།
དབྱངས་གསལ་སོ་བཞི་སེམས་ཀྱི་ལམ་ཡིག་ཡིན།

ཡོང་ཁུངས། བོད་གཞས་འཕྲིན་སྟེགས།
རྩོམ་སྒྲིག་པ། ལྷ་སྐྱིད།