▶མགར་བསམ་འགྲུབ་ཚེ་རིང་དང་བསྟན་འཛིན་ཚེ་རིང་གི་གཞས་གསར་གསར།
སྤེལ་བའི་དུས་ཚོད། : 2018-11-26 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


མགར་བསམ་འགྲུབ་ཚེ་རིང་དང་བསྟན་འཛིན་ཚེ་རིང་གི་གཞས་གསར།


༼དྲན་པའི་ཚེར་མ།༽



གངས་དཔལ་གྱིས་ཚིག་བརྩམས།

མགར་བསམ་འགྲུབ་ཚེ་རིང་གིས་དབྱངས་བརྩམས།

མགར་བསམ་འགྲུབ་ཚེ་རིང་དང་བསྟན་འཛིན་ཚེ་རིང་གཉིས་ཀྱིས་བླངས།





རྫ་སྨུག་པ་ཅན་གྱི་ན་ལུང་གི།

ལུག་གཡང་དཀར་འཚོ་བའི་ན་ཆུང་མ།།

རི་ཆུང་ཆུང་མགོ་ཡི་ན་བུན་ཡིན།།

འཇིག་རྟེན་སྣང་བ་ཡིན། སྣང་བའི་ཞེན་ཆགས་ཡིན།

སྤྲིན་པ་འདྲ་ལེར་གང་ན་ཡོད་གོ

འདྲ་ལེར་གང་ན་ཡོད།





ཆུ་དྭངས་ཤ་ཅན་གྱི་འགྲམ་ངོགས་ན།།

རྒྱབ་ཆུ་ཟོ་ཁུར་བའི་ན་ཆུང་མ།།

མིག་ཁྲ་ཆུང་དཀྱིལ་གྱི་དྲན་ཤིང་ཡིན།།

ཡིད་ཀྱི་དྲན་པ་ཡིན། དྲན་པའི་གདུང་བ་ཡིན།

མེ་ཏོག་འདྲ་ལེར་གང་ན་ཡོད་གོ

འདྲ་ལེར་གང་ན་ཡོད།





ལོ་ཟླ་བའི་ནེམ་ལོ་འཐོར་ན་ཡང་།།

འདང་ཁྲེལ་གཞུང་གསེར་ལ་མི་བརྗེ་བའི།།

དུས་སྙིགས་མའི་ནང་གི་ཟིལ་བ་ཁྱོད།།

ལས་ཀྱི་འཚོ་ཡ་ཡིན། ཚོར་བའི་ཆུ་རིས་ཡིན།

དགོད་སྒྲ་ལྷང་ལྷང་གང་ན་ཡོད་གོ

ལྷང་ལྷང་གང་ན་ཡོད།

 

ཡོང་ཁུངས། མཚོ་ལྷོ་བོད་ཁྱིམ་བརྡ་ཁྱབ།

ལྟ་སྐུལ། ཝང་ཧྥེ།

རྩོམ་སྒྲིག་པ། ལྷ་སྐྱིད།