▶ཚེ་རིང་དོན་གྲུབ་ཀྱི་གཞས་གསར་༼མཐའ་མཇུག་གི་དག་ཞིང་།༽
སྤེལ་བའི་དུས་ཚོད། : 2018-10-23 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



༼མཐའ་མཇུག་གི་དག་ཞིང་།༽

ཚིག སྤྲུལ་བསོད་ནམས་རྒྱ་མཚོ།
གདངས། ཚེ་རིང་དོན་གྲུབ།
ལེན་མཁན། ཚེ་རིང་དོན་གྲུབ།



རྫ་རྨ་འབྲི་ཆུ་བོའི་འབྱུང་ཡུལ་ན།།
བོད་གངས་ཅན་རུ་སྡེ་གཡས་སུ་འཁྱིལ།།
ཡུལ་འདི་ཡི་ལ་དང་ལུང་པ་ལ།།
འཛོམས་རི་ཆུའི་བཅུད་ལ་རི་དྭགས་འཁོར།།
སྤྲིན་དཀར་ལེབ་མོ་གོས་སུ་བྱས་པའི་རྩྭ་ཐང་ལྗང་ལ་ནེམ།
ཤེས་རིག་དབྱངས་ཀྱི་བཞུར་རྒྱུན་རིང་བའི་ཆུ་བོའི་མཆོད་རྟེན་ཆེ།
ཡ་གླིང་ས་ཡི་རྔོག་མ་འདྲ་བའི་སེམས་ཀྱི་དྲོད་ཐིག་ཡིན།
སྤྲིན་དཀར་མ་བརྗེད་རི་ཆུ་མ་བརྗེད་གངས་ཀྱི་དག་ཞིང་ཡིན།
ལེན་ཡ་གླུ་ཞིག་ལེན།༼ལེན་ཡ་གླུ་ཞིག་ལེན།༽
གླུ་སྙན་མོ་ངག་གི་མཆོད་པ་ཡིན།།
དར་དཀར་པོ་སེམས་ཀྱི་སྨོན་འདུན་ཡིན།།
གླུ་སྙན་མོའི་མཆོད་པ་ཁྱེད་ལ་འབུལ།།
དར་དཀར་པོའི་སྨོན་འདུན་ཁྱེད་ལ་ཞུ།།
ཆོས་བསྟན་པ་དར་བའི་ཞིང་ས་དེ།།
གངས་དཀར་པོའི་གནས་མཆོག་གདོང་དམར་ཡུལ།།
བོད་ཆོལ་གསུམ་ནོར་བུ་སུམ་འཛོམས་རེད།།
གདུགས་རྒྱལ་མཚན་སྤྲིན་ནང་གཡོ་བར་ཤོག།
ལེན་ཡ་གླུ་ཟིག་ལེན།༼ལེན་ཡ་གླུ་ཟིག་ལེན།༽
གླུ་སྙན་མོ་ངག་གི་མཆོད་པ་ཡིན།།
དར་དཀར་པོ་སེམས་ཀྱི་སྨོན་འདུན་ཡིན།།
གླུ་སྙན་མོའི་མཆོད་པ་ཁྱེད་ལ་འབུལ།།
དར་དཀར་པོའི་སྨོན་འདུན་ཁྱེད་ལ་ཞུ།།
མེས་པོ་གངས་ཡིན་གངས་ཀྱི་ལུང་པ་སེམས་ཀྱི་དག་ཞིང་ཡིན།
རི་ལ་ལྷ་ཡོད་ཆུ་ལ་ཀླུ་ཡོད་རང་བྱུང་གཙུགས་ལ་བཀུར།
སྐྱེ་འགྲོའི་མཁའ་ལ་རང་བསྲེལ་བསོད་ནམས་ཆར་གྱི་སྤྲིན་པ་གཡོ།
སེམས་ཀྱི་ལྗོན་པའི་ནེམ་ལོའི་སྟེང་ལ་བརྩེ་བའི་ཆུ་ཐིགས་འཁྲུངས།

ཡོང་ཁུངས། དྲ་ལམ་ནས་བཤུས།