▶སྐར་རྒྱན་སྒྲོལ་མའི་གླུ་གཞས་༼གྲོགས་པོ།༽
སྤེལ་བའི་དུས་ཚོད། : 2018-09-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】





༼ གྲོགས་པོ།༽



ཚིག སྤོས་ཁང་སྒྲོལ་བཟང་།



དབྱངས། དམངས་ཁྲོད།



ལེན་མཁན། སྐར་རྒྱན་སྒྲོལ་མ།





བཅུ་གསུམ་བྱིས་པའི་ལོ་ནས།།



མཉམ་དུ་གཤིབ་པའི་གྲོགས་པོ།།



མ་མཇལ་དུས་ཡུན་རིང་པོ།།



སྐུ་གཟུགས་ཐང་ཐང་ཨེ་ཡིན།།



ལ་མོ་རེ་རེ་བརྒྱབ་དུས།།



རླུང་རྟ་རེ་རེ་བཏང་ཡོད།།



གྲོགས་ཁྱེད་བྱ་བ་ལམ་འགྲོ།།



ཡོང་བའི་སྨོན་ལམ་བཏབ་ཡོད།།



ཆུ་མོ་རེ་རེ་བརྒལ་དུས།།



ཆུ་ལྷ་རེ་རེ་གསོལ་ཡོད།།



གྲོགས་ཁྱེད་སྐུ་ཚེ་རིང་བའི།།



སྨོན་ལམ་སྙིང་ནས་བཏབ་ཡོད།།



གནས་བཟང་རེ་རེ་མཇལ་དུས།།



སྨོན་ལམ་ཚིག་གསུམ་བཏབ་ཡོད།།



གྲོགས་ཁྱེད་མྱུར་དུ་མཇལ་བའི།།



སྨོན་ལམ་ཚིག་གསུམ་བཏབ་ཡོད།།

རྩོམ་ཁུངས། བོད་གཞས་འཕྲིན་སྟེགས།

ལྟ་སྐུལ། ཝང་ཧྥེ།

རྩོམ་སྒྲིག་པ། ལྷ་སྐྱིད།