▶སློབ་གྲོགས་ལྷན་འཛོམས་ཀྱི་གཞས།
སྤེལ་བའི་དུས་ཚོད། : 2018-09-02 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼སློབ་གྲོགས་ལྷན་འཛོམས་ཀྱི་གཞས།༽



ཚིག ཐེའུ་རང་།
དབྱངས། ཐང་སྐོར་ཚེ་དཔག
དཀྲོལ་ལེན་པ། ཐང་སྐོར་ཚེ་དཔག


འདི་ནས་བརྩིས་ཏེ་མི་ལོ་དུ་མ་འདས་རྗེས་ཀྱི་ཁ་སང་།
ཕུགས་བསམ་འཚོལ་རོགས་ཀྱི་ན་ཆུང་ཁྱུ་གཅིག
ལས་སྐལ་དང་རྟེན་འབྲེལ་འགྲིག་ནས།
འདུ་ར་གཅིག་ལ་ལྷན་དུ་འཛོམས་མྱོང་།
དགེ་རྒན་གཅིག་པ་ཡི་སློབ་གྲོགས་ཡིན།
རྒྱུགས་ཤོག་གི་མདུན་ནས་མཉམ་དུ་ངུས་མྱོང་།
སློབ་གསེང་གི་བར་ནས་ལྷན་དུ་དགོད་མྱོང་།
ལས་བྱ་བཤུ་རོགས་ཡིན། རྩ་ཚིག་སྐྱོར་རོགས་ཡིན།
ན་ཆུང་གི་རྨི་ལམ་འཚོལ་རོགས་ཡིན།
བརྩེ་ལྡན་གྱི་སློབ་གྲོགས་ཡིན།
དྲན་ཤིང་དམར་པོའི་འཁོར་ཡིན།

འདི་ནས་བརྩིས་ཏེ་མི་ལོ་དུ་མ་འགོར་རྗེས་ཀྱི་དེ་རིང་།
ཕུགས་བསམ་འཚོལ་རོགས་ཀྱི་གཞོན་ནུ་ཚོགས་གཅིག
ལས་སྐལ་དང་རྟེན་འབྲེལ་འགྲིག་ནས།
འདུ་ར་གཅིག་ལ་མཉམ་དུ་འཛོམས་ཡོད།
བརྩེ་སེམས་འདྲིས་པ་ཡི་སློབ་གྲོགས་ཡིན།
རི་ཆུ་ཡི་ཕྲེང་ནས་སོ་སོ་དྲན་མྱོང་།
ལོ་ཟླ་ཡི་རྒྱུན་ལས་ཕན་ཚུན་གླེང་མྱོང་།
སྙིང་གཏམ་མོད་ས་ཡིན།
བག་ཆགས་མཐུག་ས་ཡིན།
མཛའ་མཐུན་གྱི་ས་བོན་འདེབ་རོགས་ཡིན།
བརྗེད་མེད་ཀྱི་སློབ་གྲོགས་ཡིན།
ཞེ་འདང་དཀར་པོའི་ཚོགས་ཡིན།

ཡོང་ཁུངས། དྲ་ལམ་ནས།