▶བློ་བཟང་རྒྱ་མཚོའི་གཞས་གསར།༼འབའ་གཞུང་།༽
སྤེལ་བའི་དུས་ཚོད། : 2018-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

 
༼འབའ་གཞུང་།༽
ཚིག ཁྲི་སེམས་དཔའ།



རི་གསུམ་གྱི་རྩེ་མོ་འཛུམ་པའི་བྱམས་བརྩེ་ཡི་ཉི་མ།
ཁ་ཆར་གྱིས་གཙེས་པའི་ལོ་ཟླ་རིང་མོར།
ཁྱེད་ཀྱི་དྲོད་ཁོལ་ལ་མགོ་བོ་བསྙེས་ནས།
ལུས་པོ་འདི་འཁྱག་ལ་མ་སྦྱར།
སེམས་པ་འདི་སྡུག་ལ་མ་སྦྱར།
ཕ་ཡུལ་འབའ་གཞུང་། ཉི་མའི་འབའ་གཞུང་།
ནམ་ལངས་ཀྱི་དང་པོ། སྐྱ་རེངས་ཀྱི་མདུད་པ་གྲོལ་དུས་སུ།
ཚེ་གཅིག་གི་སྨོན་འདུན་ཁྱེད་ལ་བཏབ་ཡོད།
མཐོན་མཐིང་གི་དབྱིངས་སུ་ཤར་བའི་མཛེས་སྡུག་གི་ཉི་མ།
གྲང་རླུང་གིས་གཟིར་བའི་མཚན་ཞག་རིང་མོར།
ཁྱེད་ཀྱི་འོད་སྣང་དེ་སེམས་ལ་བསྒོམས་ནས།
ཁ་ཕྱོགས་འདི་རླུང་ལ་མ་བརྗེས།
ཡིད་ཆེས་འདི་རྡུལ་དུ་མ་བཅུག
ཉི་མའི་འབའ་གཞུང་། ཕ་ཡུལ་འབའ་གཞུང་།
ཉི་ཤར་གྱི་རྩེ་མོ་ལ།
འོད་ཟེར་གྱི་མེ་ཏོག་གད་དུས་སུ།
ཚེ་གཅིག་གི་དམིགས་པ་ཁྱེད་ལ་གཏད་ཡོད།

 

ཡོང་ཁུངས། ཁ་ཡ་ན་ཟླ་འཕྲིན་སྟེགས།
རྩོམ་སྒྲིག་པ། ལྷ་སྐྱིད།