▶རིན་ཆེན་དོན་འགྲུབ་ཀྱི་གཞས་གསར་ ༼འཚོ་བ།༽
སྤེལ་བའི་དུས་ཚོད། : 2018-07-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼འཚོ་བ།༽
ཚིག རྒྱ་ཚང•ཁྲོ་གོ
དབྱངས། ཆོས་དར།
གཞས་པ། རིན་ཆེན་དོན་འགྲུབ།

 

ཡོད་དུས་མགོ་ལ་བཀབ་པའི་ཞྭ་མོ་མེད།

མེད་དུས་རྐང་ལ་འཐམ་པའི་ཨ་ལོང་མེད།

གར་འགྲོ་གར་འདུག་རང་སེམས་འདི་སྙེ་མ་བཞིན།

རླུང་བུ་བསིལ་མོ་ཞིག་གིས་ཀྱང་ཡོམ་ཡོམ་སྒུལ།

འཚོ་བ། འཚོ་བ།

ཆར་རླུང་དྲག་པོ་ཞིག་གི་ཡོང་སྟངས་རེད།

ཉི་ཟེར་འཇམ་པོ་ཞིག་གི་འཕྲོ་སྟངས་རེད།

དགའ་དུས་ས་གསུམ་འགུལ་བའི་ཀི་ཞིག་ཡོད།

སྐྱོ་དུས་གཙང་གསུམ་འཁྲུགས་པའི་ཤེད་ཅིག་ཡོད།

གང་སར་བསྡད་ཀྱང་ཕ་ཡུལ་འདི་བྱིས་པ་བཞིན།

ཀ་ར་བུ་རམ་ཞིག་གིས་ཀྱང་ལྷུག་ལྷུག་དགོད།

འཚོ་བ། འཚོ་བ།

ན་ཆུང་བུ་མོ་ཞིག་གི་ཟུར་མིག་རེད།

སྟག་ཤར་གཞོན་པ་ཞིག་གི་བློ་ཁོག་རེད།


མི་སྣ་གྲགས་ཅན་དག་གིས་སྨོན་འདུན་ཞུ་བ།

ཡོང་ཁུངས། དྲ་ལམ་ནས་བཤུས།
རྩོམ་སྒྲིག་པ། བསོད་ཚེ།