▶བཀྲ་ཤིས་ཕུན་ཚོགས་ཀྱི་གཞས་གསར་༼གཅིག་པ།༽
སྤེལ་བའི་དུས་ཚོད། : 2018-05-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


༼གཅིག་པ།༽
གཞས་ཚིག དགྲ་སྨོན་བསྟན་འཛིན་སྐལ་བཟང་།
གཞས་གདངས། བཀྲ་ཤིས་ཕུན་ཚོཊ ཏན་ཏན།
རོལ་དབྱངས་སྒྲིག་བཟོ། Guitar སྒྲ་འཇུག་ལྟ་ཞིབ། ཏན་ཏན།
སྒྲ་བསྲེས་དང་བཟོ་སྐྲུན། ཀྲའོ་ཅིང་།


ཟོར་དབྱིབས་ཟླ་བ། ཉ་གང་ཆགས་ཡའ།
འཛམ་བུ་གླིང་གི་མུན་པ་ཚང་མ་སེལ།
རང་གི་བདེན་པ། རང་གིས་གསལ་ཡའ།
ལས་ཀྱི་འབྲས་བུ་ཆུ་ཡི་རི་མོ་འདྲ་ཡའ།
འཁོར་བ་ཁབ་ཀྱི་རྩེ་མོ་ལ་བདེ་བ་སྐད་ཅིག་རེད།
སྐྱེ་རྒ་ན་འཆིའི་ལས་དེ་ཐར་ཐབས་དཀའ།
བདེ་བ་སྡུག་བསྔལ་རྟེན་ཅིང་འབྲེལ་བྱུང་།
འདི་ཀུན་རྨོངས་པའི་ཆ་ཡིན།
མཐོ་རིས་མངོན་མཐོའི་ཁང་བཟང་བསྐྲུན་ཤོག
འཇིག་རྟེན་མི་ཡུལ་བདེ་ལ་འཁོད་ཤོག
རྩྭ་རྩི་ཤིང་ཐམས་ཅད་སྲོག་ལྡན་དང་ཁྱད་མེད།
དེར་སྲུང་ན་རང་ལ་སྲུང་།
ཕུ་མདའ་ཆུ་ཡོད་ཚད་རྒྱ་མཚོ་རུ་འཁྱིལ་བས།
དེ་དྭངས་ན་རང་ཡང་དྭངས།
ས་རི་མོའི་སྟེང་ལ་བུ་ཕྲུག་ཚང་མ་གནས།
དེར་དགའ་ན་རང་ལ་དགའ།
ལྷོ་འཛམ་བུའི་གླིང་ལ་གནས་སྐྱེ་འགྲོ་མང་ཡང་།
དེར་བརྩེ་ན་རང་ལ་བརྩེ།
རྩྭ་རྩི་ཤིང་ཐམས་ཅད་སྲོག་ལྡན་དང་ཁྱད་མེད།
དེར་སྲུང་ན་རང་ལ་སྲུང་།
ཕུ་མདའ་ཆུ་ཡོད་ཚད་རྒྱ་མཚོ་རུ་འཁྱིལ་བས།
དེ་དྭངས་ན་རང་ཡང་དྭངས།
ས་རི་མོའི་སྟེང་ལ་བུ་ཕྲུག་ཚང་མ་གནས།
དེར་དགའ་ན་རང་ལ་དགའ།
ལྷོ་འཛམ་བུའི་གླིང་ལ་གནས་སྐྱེ་འགྲོ་མང་ཡང་།
དེར་བརྩེ་ན་རང་ལ་བརྩེ།

ཡོང་ཁུངས། བོད་གཞས་སྤྱི་སྟེགས་ཆེན་མོ།
རྩོམ་སྒྲིག་པ། ལྷ་སྐྱིད།