▶ཨ་ལ་ཡེ་ཚང་གི་གཞས་མ་གདུགས་དཀར་སྐྱིད་ཀྱི་གཞས་གསར།
སྤེལ་བའི་དུས་ཚོད། : 2018-05-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཕ་ས་ཕ་ཡུལ།༽

གླུ་ཚིག
ཕ་ས་ཕ་ཡུལ།
ཚིག ར་ཡ་ཨ་ནོ།
དབྱངས། བློ་གསལ།
གཞས་མ། གདུགས་དཀར་སྐྱིད།
ནུབ་ཚྭ་འདམ་འཕགའ་པའི་གནས་མཆོག་འདིར།།
ལྷའི་མེ་ལོང་ཚྭ་མཚོ་དཀར་མོ་ཡོད།།
ནོར་རིན་ཆེན་ཆུ་ཤེལ་སྒེག་མོ་ཡོད།།
མ་བུ་མོའི་ཕ་ས་ཕ་ཡུལ་ཡིན།།


ནུབ་འཛམ་བུ་གླིང་གི་ཡང་རྩེ་འདིར།།
གནས་གཉན་ཆེན་གདང་ལའི་རི་རྒྱུད་འཁྱུད།།
རྒན་སྲིད་པ་ཆགས་པའི་གནས་མཆོག་འདི།།
མ་བུ་མོའི་ཕ་ས་ཕ་ཡུལ་ཡིན།།


ནུབ་གཏེར་ལམ་གཏེར་གྱི་བང་མཛོད་ཡིན།།
ས་བཅུད་ལྡན་དགེ་བཅུ་འཛོམས་པའི་གནས།།
གནའ་རྒྱན་བློན་བང་སོ་དགུ་བརྩེགས་ཅན།།
མ་བུ་མོའི་ཕ་ས་ཕ་ཡུལ་ཡིན།།


སྤང་མེ་ཏོག་གཡུ་ཡི་སྨན་གཞུང་འདིར།།
འགྲོ་རིགས་དྲུག་སེམས་ཀྱི་དབྱར་ཁ་ཡིན།།
ནུབ་གཏེར་ལམ་གཡང་རྫོང་ཕྱུག་མོ་འདི།།
མ་བུ་མོའི་ཕ་ས་ཕ་ཡུལ་ཡིན།།

 

ཡོང་ཁུངས། ཁ་ཡ་ན་ཟླའི་འཕྲིན་སྟེགས།
རྩོམ་སྒྲིག་པ། བསོད་ཚེ།