▶ཁ་བའི་མེ་ཏོག་ཚན་སྡེབ།༼ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད།༽
སྤེལ་བའི་དུས་ཚོད། : 2018-01-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 


ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད།
ལེན་མཁན། ཁ་བའི་མེ་ཏོག་ཚན་སྡེབ།

རི་མཐོན་པོའི་ཁ་དོག་སེར་ནོ་གན།།
དགུན་རྒྱ་སྟག་འདྲ་མོ་ཐོན་རྟགས་རེད།།
རྟ་ནོར་ལུག་འཚོ་བའི་ཕྱུགས་བདག་ཚོ།།
ཕྱུགས་གདའ་སྐོར་མ་བྱེད་འཚོ་དུས་རེད།།

ཤིང་སིལ་ཏོག་ལོ་མ་སེར་ནོ་གན།།
དགུན་རྒྱ་སྟག་འདྲ་མོ་ཐོན་རྟགས་རེད།།
འབྲུ་སྣ་ལྔ་འདེབས་པའི་ཞིང་བདག་ཚོ།།
ཉིན་རང་རྒྱ་མ་གཏོང་བསྡུ་རན་རེད།།

ཡུལ་ཕ་མའི་སེམས་རྒྱ་ཆུང་ནོ་གན།།
མི་རྒས་ནས་ལོ་ཚོད་ལོན་རྟགས།།
དྲིན་ཕ་མ་སྐྱོང་བའི་བུ་ཕྲུག་ཚོ།།
ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད།

ཡོང་ཁུངས། བོད་གླུ་འཕྲིན་སྟེགས།
རྩོམ་སྒྲིག་པ། ལྷ་སྐྱིད།