མ་ཉན་ཐབས་མེད་ཀྱི་གཏམ་བཤད་ཅིག
སྤེལ་བའི་དུས་ཚོད། : 2017-08-23 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་མཆོོག་ཉི་མ་ལུང་། (1) (སྒྲ་ལྡན།)

ཨ་མཆོོག་ཉི་མ་ལུང་། (2)(སྒྲ་ལྡན།)

ཨ་མཆོོག་ཉི་མ་ལུང་། (3)(སྒྲ་ལྡན།)

ཁ་བྱང་། ས་གནས་དཔལ་འབྱོར་ཇི་ལྟར་གཉེར་ཚུལ།

གཏམ་བཤད་མཁན། མི་འགྱུར་རྡོ་རྗེ།

ས་གནས། ཨ་མཆོག་ཉི་མ་ལུང་།

དུས་ཚོད། 2017ལོའི་སྤྱི་ཟླ 8པའི་ཚེས 10ཉིན།

གཏམ་བཤད་མཁན་ངོ་སྤྲོད་མདོར་བསྡུས།

མི་འགྱུར་རྡོ་རྗེ། ཕ་ཡུལ་རྔ་བ་རྫོང་མཚན་ཉིད་ཡུལ་ཚོའི་ཨ་མཆོག་སྒར་གསར་སྡེ་བ་རུ་སྐྱེས་ཤིང་། 2011ལོར་ཁྲིན་ཏུའུ་རྒྱལ་སྤྱིའི་སྣེ་ཁྲིད་སློབ་གསོ་སློབ་གྲྭ་ནས་མཐོ་འབྲིང་མཐར་ཕྱིན་ཏེ། ཨ་མེ་རི་ཁའི་ལེན་ཧྥོལ་སློབ་ཆེན་ལ་རྒྱུགས་འཕྲོད། དེར་སྤྱི་ཚོགས་རིག་པ་དང་ནུབ་ཕྱོགས་མཚན་ཉིད་རིག་པ་གཉིས་ཆེད་སྦྱོང་བྱས། སློབ་མཐར་ཕྱིན་རྗེས་ཨ་རིའི་སློབ་ཆེན་དེ་རུ་སྤྱི་ཚོགས་རིག་པའི་གཞུང་ལུགས་སློབ་སྦྱོང་བྱས་ཤིང་། 2015ལོ་ནས་ཕྱིར་རྒྱལ་ནང་དུ་ལོག་སྟེ་ཁྲིན་ཏུའུ་རྒྱལ་སྤྱིའི་སྣེ་ཁྲིད་སློབ་གསོ་སློབ་གྲྭར་ལས་གཞི་སློབ་ཁྲིད་ཀྱི་སློབ་སྟོན་དགེ་རྒན་བྱས། ཁོ་ནི་རྒྱལ་སྤྱིའི་མཚན་ལྡན་སྤྱི་ཚོགས་རིག་པའི་མཐུན་ཚོགས་ཁང་གི་ཚོགས་མི་དང་། རྔ་བ་རྫོང་ན་གཞོན་ལས་སྒོ་གསར་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ། གངས་ཅན་ལྷ་གཡག་རྟགས་མའི་གསར་གཏོད་པ་བཅས་ཡིན། ཁོང་གི་དབྱིན་ཡིག་གི་བརྩམས་ཆོས་༼བོད་ཀྱི་འདུ་ཤེས་ཀྱི་འགྱུར་བ༽ཞེས་པར་ལེན་ཧྥོལ་སློབ་ཆེན་གྱི་ལོ་མཇུག་གི་ཆེས་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་དང་ཧོ་ལྡུ་སྤྱི་ཚོགས་རིག་པའི་གཟེངས་རྟགས་བཅས་བྱ་དགའ་གཉིས་ཐོབ་ཡོད་པ་རེད།

རྩོམ་སྒྲིག་པ། གཤོག་པ།