ཚེ་རིང་ལྷ་སྐྱིད་ཀྱི་ཐུན་མིན་གཞས་གདངས། ༼མེ་ལོང་།༽
སྤེལ་བའི་དུས་ཚོད། : 2017-04-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】




མེ་ལོང་།
གཞས་གདངས། བློ་བཟང་ཟླ་བ།
གཞས་ཚིག སྐྱིད་སྣང་བཀྲ་ཤིས། ཚུལ་ཁྲིམས་རྡོ་རྗེ། ཚེ་རིང་ལྷ་སྐྱིད།
གཞས་མ། ཚེ་རིང་ལྷ་སྐྱིད།

དེང་སང་གི་མི་ཡི་གཤིས་ཀ་ཡོད་མདོག་འཇོན་མདོག་བྱེད།
དུས་རྟག་ཏུ་གཞན་སྐྱོན་སྟོན་ནས་རང་གི་སྐྱོན་མ་མཐོང་།
སེམས་ཆུང་གི་ཡ་རབས་དོར་ནས་ཞེ་སྡང་ཕྲག་དོག་བྱེད།
གཞན་སྐྱོན་དེ་ཆར་རང་སྐྱོན་སྦས།
དུས་རྟག་ཏུ་ཁ་ནས་བཤད་ཀྱང་ལག་ལེན་གསེར་ལས་དཀོན།
རང་ཉིད་ནས་འགོ་འཛུགས་འཚོ་བ་དངོས་ཀྱི་ལག་ལེན་བྱེད།
མི་གཞན་ལ་བཤད་པར་རང་ལ་འཛོམས་གསུམ་འཛོམས་པ་དགོས།
ཁ་སྟོང་མ་བཤད་ལག་ལེན་བྱོས།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
རང་ཉིད་ལྟ་བའི་མེ་ལོང་དགོས།
ཁ་བཤད་ཆུ་ཡི་ལྦུ་བ་ཡིན།
ལག་ལེན་གསེར་གྱི་ཐིགས་པ་ཡིན།

གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
རང་ཉིད་ལྟ་བའི་མེ་ལོང་དགོས།
ཁ་བཤད་ཆུ་ཡི་ལྦུ་བ་ཡིན།
ལག་ལེན་གསེར་གྱི་ཐིགས་པ་ཡིན།

རྩོམ་སྒྲིག་པ། གཤོག་པ།