♪ལྷོ་བྲག་ཕུར་ཚེའི་གླུ་གཞས་༼འཁྱམ་པོ།༽
སྤེལ་བའི་དུས་ཚོད། : 2017-03-31 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཞས་འདིས་མི་ག་ཚོད་ཀྱི་འཚོ་བ་མཚོན་ཡོད་དམ།

འཁྱམ་པོ།
ཁུར་པོ་ལ་རྒྱབ་ཏུ་ཁྱེར།
ཀྱག་ཀྱོག་གི་ལམ་དུ་བསྐྱོད།
མ་འོངས་པའི་ཕུགས་བསམ་འཚོལ་བའི་ཆེད།
སྐྱིད་པའི་རང་གི་ཕ་ཡུལ་བཞག་ནས་ཐོན།
ལམ་བར་གྱི་རི་ལུང་སྟེང་།
ཁྲ་ཆིལ་གྱི་མེ་ཏོག་བཞད།
གཞན་ཡུལ་གྱི་ཡུལ་ལྗོངས་མཛེས་ན་ཡང་།
བརྩེ་བའི་རང་གི་ཕ་ཡུལ་བརྗེད་ཐབས་མེད།
འོ་ཧོ་ འཁྱམ་པོ།
འོ་ འོ་ཧོ་ ང་འཁྱམ་པོ།
གཞན་ཡུལ་ལ་འཁྱམ་པའི་བུ་ཆུང་ང་།
ག་དུས་རང་ཡུལ་ཕྱོགས་ལ་ལོག་ཐུབ་ཀྱི་རེད།
གཞན་ཡུལ་ལ་འཁྱམ་པའི་བུ་ཆུང་ང་།
ག་དུས་ཕ་མ་སྤུན་མཆེད་མཇལ་ཐུབ་ཀྱི་རེད།
འོ་ཧོ་ འཁྱམ་པོ།
འོ་ འོ་ཧོ་ ང་འཁྱམ་པོ།
གཞན་ཡུལ་ལ་འཁྱམ་པའི་བུ་ཆུང་ང་།
ག་དུས་རང་ཡུལ་ཕྱོགས་ལ་ལོག་ཐུབ་ཀྱི་རེད།
གཞན་ཡུལ་ལ་འཁྱམ་པའི་བུ་ཆུང་ང་།
ག་དུས་རང་གི་ཕུགས་བསམ་སྒྲུབ་ཐུབ་ཀྱི་རེད།
གོམ་པ་རེ་རེ་མདུན་དུ་སྤོས།
དོ་དགོང་གནས་ཚང་གང་དུ་བྱེད།
ཕྱིར་ལོག་མེད་པའི་སེམས་ཤུགས་བཅངས།
ང་ཡི་ཕུགས་བསམ་གང་དུ་ཡོད།
གོམ་པ་རེ་རེ་མདུན་དུ་སྤོས།
དོ་དགོང་གནས་ཚང་གང་དུ་བྱེད།
ཕྱིར་ལོག་མེད་པའི་སེམས་ཤུགས་བཅངས།
ང་ཡི་ཕུགས་བསམ་གང་དུ་ཡོད།
གོམ་པ་རེ་རེ་མདུན་དུ་སྤོས།
དོ་དགོང་གནས་ཚང་གང་དུ་བྱེད།
ཕྱིར་ལོག་མེད་པའི་སེམས་ཤུགས་བཅངས།
ང་ཡི་ཕུགས་བསམ་གང་དུ་ཡོད།

རྩོམ་ཁུངས། དྲ་ལམ་ནས་བཤུས།
རྩོམ་སྒྲིག་པ། ལྷ་སྐྱིད།