♪༼སེམས་ཁོང་གི་རེ་འབོད།༽གླུ་བ་བདུད་བྷེ། གངས་བཞུགས། ཨ་བསམ་སོགས།
སྤེལ་བའི་དུས་ཚོད། : 2017-03-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



ཚིག བློ་བཟང་རིན་ཆེན།
དབྱངས། བཀྲ་ཤིས་རྡོ་རྗེ།
ལེན་མཁན། བདུད་བྷེ། གངས་བཞུགས། ཨ་བསམ་སོགས།

སྟོད་ཁ་བ་གངས་ཀྱི།
མཛེས་སྡུག་གི་རི་ལུང་།
རི་ལུང་ང་ཚོའི་ཡིན་པ་ཐེ་ཚོམ་མེད།
ཐེ་ཚོམ་མེད་ཀྱང་།
ཆུ་ཁམ་གང་དོན་ལ།
གྲི་མགོ་ཕུར།
གྲི་མགོ་རང་གི་སྤུན་ལ་ཕུར།
ཕྱི་ནས་བལྟས་ཀྱང་ངོ་ཚ་མེད།
ནང་གི་ཉེ་མི་ཁྲག་བཞིན་དཀྲུག
སྨད་རྩི་ཐོག་གི་ཡུལ་གྱི།
མཛེས་སྡུག་གི་རྩྭ་ཐང་།
རྩྭ་ཐང་ང་ཚོའི་ཡིན་པ་རྩོད་གླེང་མེད།
རྩོད་གླེང་མེད་ཀྱང་།
རྩྭ་སྤར་གང་དོན་ལ།
བོའུ་ཁ་གཏད།
བོའུ་ཁ་རང་གི་རྒྱུད་ལ་གཏད།
ཕྱི་ནས་བལྟས་ཀྱང་མགོ་རྣ་མེད།
ནང་གི་བཟའ་ཚང་གསོན་བྲལ་བཏང་།
སྐྱེས་ཕ་བཟང་གི་བུ།
མ་བཟང་གི་རྒྱུད།
གྱོད་དང་འཁྲུག་པ་མྱུར་བར་སྤོངས།

སྟོད་ཁ་བ་གངས་ཀྱི།
མཛེས་སྡུག་གི་རི་ལུང་།
རི་ལུང་ང་ཚོའི་ཡིན་པ་ཐེ་ཚོམ་མེད།
ཐེ་ཚོམ་མེད་ཀྱང་།
ཆུ་ཁམ་གང་དོན་ལ།
གྲི་མགོ་ཕུར།
གྲི་མགོ་རང་གི་སྤུན་ལ་ཕུར།
ཕྱི་ནས་བལྟས་ཀྱང་ངོ་ཚ་མེད།
ནང་གི་ཉེ་མི་ཁྲག་བཞིན་དཀྲུག
སྨད་རྩི་ཐོག་གི་ཡུལ་གྱི།
མཛེས་སྡུག་གི་རྩྭ་ཐང་།
རྩྭ་ཐང་ང་ཚོའི་ཡིན་པ་རྩོད་གླེང་མེད།
རྩོད་གླེང་མེད་ཀྱང་།
རྩྭ་སྤར་གང་དོན་ལ།
བོའུ་ཁ་གཏད།
བོའུ་ཁ་རང་གི་རྒྱུད་ལ་གཏད།
ཕྱི་ནས་བལྟས་ཀྱང་མགོ་རྣ་མེད།
ནང་གི་བཟའ་ཚང་གསོན་བྲལ་བཏང་།
སྐྱེས་ཕ་བཟང་གི་བུ།
མ་བཟང་གི་རྒྱུད།
གྱོད་དང་འཁྲུག་པ་མྱུར་བར་སྤོངས།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།