♪ཚེ་བརྟན་སྒྲོལ་མའི་གཞས་༼ས་སྐྱིད་པོ་ཀོང་པོར་ཕེབས་ཤོག༽
སྤེལ་བའི་དུས་ཚོད། : 2017-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 



གཞས་ཚིག བཀྲ་ཤིས་རྡོ་རྗེ།
གཞས་གདངས། བདེ་སྐྱིད།
གཞས་མ། ཚེ་བརྟན་སྒྲོལ་མ།

གཞས་ཚིག
ཕེབས་ཤོག་ལགས་དང་། ཕེབས་ཤོག
ས་སྐྱིད་པོ་ཀོང་པོར ཕེབས་ཤོག
གནས་ཆེན་བོན་རི་སྐོར་ཤོག
བྲག་གསུམ་བླ་མཚོ་སྐོར་ཤོག
ཕེབས་ཤོག་ལགས་དང་། ཕེབས་ཤོག
ཆུ་ཡི་ཇོ་བོ་མཇལ་ཤོག
སེམས་ཉིད་སྨོན་ལམ་གཏབ་ཤོག
གུས་པས་ཕྱག་གསུམ་འཚལ་ཤོག
ཕེབས་ཤོག་ལགས་དང་། ཕེབས་ཤོག
ས་སྐྱིད་པོ་ཀོང་པོར་ཕེབས་ཤོག

ཕེབས་ཤོག་ལགས་དང་། ཕེབས་ཤོག
ས་སྐྱིད་པོ་ཀོང་པོར་ཕེབས་ཤོག
མེ་ཏོག་མིག་ལ་མཛེས་བྱུང་།
ཀོང་པོའི་བུ་མོ་མཛེས་བྱུང་།
ཕེབས་ཤོག་ལགས་དང་། ཕེབས་ཤོག
ས་སྐྱིད་པོ་ཀོང་པོར་ཕེབས་ཤོག
ཀོང་པོའི་མདའ་གླུ་སྙན་སོང་།
བདེ་ཉམས་ཀོང་གྲོ་མཛེས་བྱུང་།
ས་སྐྱིད་པོ་ཀོང་པོའི་ལུང་པ།
ཕེབས་ཤོག་ལགས་དང་། ཕེབས་ཤོག
ས་སྐྱིད་པོ་ཀོང་པོར་ཕེབས་ཤོག

རྩོམ་སྒྲིག་པ། རྟ་མགྲིན།