♬པདྨ་བདེ་ཆེན་གྱི་གཞས་༼སྐུ་ཉིད་ལྷོ་ཁར་ཕེབས་དང་།༽
སྤེལ་བའི་དུས་ཚོད། : 2017-03-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐུ་ཉིད་ལྷོ་ཁར་ཕེབས་དང་།
གཞས་ཚིག མིག་དམར་རྒྱལ་པོ།

གཞས་གདངས། འཆི་མེད་རྡོ་རྗེ།(རྒྱལ་ཁབ་རིམ་པ་དང་པོའི་གདངས་རྩོམ་པ། ལྷོ་ཁ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་དེ་སྔའི་དབུ་འཛིན་གཞོན་པ།)
གཞས་གཏོང་མཁན། པདྨ་བདེ་ཆེན།(ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ།)
གཞས་ཚིག

༼༡༽རྫོགས་ལྡན་དུས་བཟང་འདི་ལ། སྐུ་ཉིད་ལྷོ་ཁར་ཕེབས་དང་། ཡར་ཀླུང་བུ་མོ་ང་ཡིས། ཁྱེད་ལ་ཕེབས་རོགས་ཞུས་ཆོག རི་བོ་ཡར་ལྷ་ཤམ་པོ། བརྗིད་ཉམས་གཞན་ལས་དོད་པ། ཆུ་མོ་ཡར་འབྲོག་གཡུ་མཚོ། ངོ་མཚར་གཞན་ལས་ཆེ་བ། ཡར་ཀླུང་རྟེན་གསུམ་གནས་གསུམ། སྙན་གྲགས་ཕྱོགས་བཞིར་ཁྱབ་སོང་། ། 
     ༼༢༽ རྫོགས་ལྡན་དུས་བཟང་འདི་ལ། སྐུ་ཉིད་ལྷོ་ཁར་ཕེབས་དང་། ཡར་ཀླུང་བུ་མོ་ང་ཡིས། ཁྱེད་ལ་ཕེབས་རོགས་ཞུས་ཆོག གནས་མཆོག་ལྷ་མོའི་ལྷ་མཚོ། ནོར་འཛིན་སྒེག་མོའི་གཙུག་གཡུ། ལྷོ་ཁའི་ཤད་མ་པང་གདན། ཁ་བ་རི་པའི་རྒྱན་གོས། བོད་མིའི་འབྱུང་ཁུངས་རིག་གནས། སྙན་གྲགས་ཕྱོགས་བཞིར་ཁྱབ་སོང་། །



གཞས་མ་པདྨ་བདེ་ཆེན་ལགས།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།