♪ཚེ་དབང་ལྷ་མོའི་གཞས་གསར་༼ལོ་སར།༽རྣ་བའི་བཅུད་ལེན།
སྤེལ་བའི་དུས་ཚོད། : 2017-02-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】




གཞས་ཚིག། སྨིན་དབུས་པོ།
གཞས་གདངས། བསོད་ནམས་སྟོབས་རྒྱལ།
ལེན་མཁན། ཚེ་དབང་ལྷ་མོ།
དབུས་ཀྱི་ཨ་ཅ་ལྷ་མོ།།
པོ་ཏ་ལ་ཡི་མདུན་ནས།།
གྲོ་ལ་ཕྱེ་མར་སྣོན་ཤོག།།
ལྷན་འཛོམས་ཉི་མ་རེ་ལ།
དགའ་བའི་ལག་རྡང་སྦྲེལ་ཏེ།།
ལོ་སར་ཚེས་པ་ཡག་མོ།།
བཀྲ་ཤིས་རྫས་ཀྱིས་བསུ་འགྲོ།།

ཁམས་ཀྱི་ཨ་ཕོ་སྟག་ཤར།།
གླིང་དཀར་ལྷ་ཡི་སྡེ་ནས།།
ཞབས་བྲོ་འགྲིག་པོ་ཁྲོབས་ཤོག།།
སྨོན་འདུན་གསར་བ་རེ་ལ།།
སྤྲོ་བའི་འཛུམས་མདང་མཐུད་དེ།།
ལོ་སར་འཚོ་བ་སྐྱིད་པོ།།
བྲོ་དང་གར་གྱིས་མཆོད་འགྲོ།།

སྨད་ཀྱི་ཨ་མདོའི་བུ་ཆུང།།
རྨ་རྒྱལ་གངས་རིའི་འདབས་ནས།།
རྟེན་འབྲེལ་གླུ་དབྱངས་ལོངས་ཤོག།།
སྤུན་ཟླ་གཏན་འཛོམས་རེ་ལ།།
ལྷ་དར་དཀར་པོ་ཐོགས་ཏེ།།
ལོ་སར་རྟེན་འབྲེལ་བཟང་པོ།།
སྙན་མོ་གླུ་ཡིས་རོལ་འགྲོ།།




རྩོམ་སྒྲིག་པ། རྟ་མགྲིན།