♬སྙིང་མོ་རྒྱལ་གྱི་གཞས་༼བཀྲ་ཤིས་པའི་ཉི་མ།༽
སྤེལ་བའི་དུས་ཚོད། : 2017-02-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】




བཀྲ་ཤིས་པའི་ཉི་མ།
ཚིག མཚན་མེད།
དབྱངས། ཧོའི་ཞོ་ལོའུ།
ལེན་མཁན། སྙིང་མོ་རྒྱལ།

དེ་རིང་བཀྲ་ཤིས་པའི་ཉི་མ།
གནམ་ལ་སྐར་མ་ཡག
བཀྲ་ཤིས་པའི་སྨོན་ལམ་ཞུ།
བསོད་ནམས་ཆེན་མོ།
ཕ་ཡུལ་ཕྱོགས་ལ་གསེར་གྱི་ཉི་མ་ཤར་བྱུང།

དེ་རིང་བཀྲ་ཤིས་པའི་ཉི་མ།
གནམ་ལ་སྐར་མ་ཡག
བཀྲ་ཤིས་པའི་གླུ་དབྱངས་ལེན།
བསོད་ནམས་ཆེན་མོ།
ཕ་ཡུལ་ཕྱོགས་ལ་གསེར་གྱི་ཉི་མ་ཤར་བྱུང།།
ཡ་ལ་སོ་་་་་བཀྲ་ཤིས་ཤོག
ཡ་ལ་སོ་་་བཀྲ་ཤིས་ཤོག
ཕ་ཡུལ་ཕྱོགས་ལ་གསེར་གྱི་ཉི་མ་ཤར་བྱུང།

བཀྲ་ཤིས་པའི་གླུ་དབྱངས་ལེན།
བཀྲ་ཤིས་ཤོག
གནམ་ལ་སྐར་མ་ཡག་བཀྲ་ཤིས་ཤོག
གསེར་གྱི་ཉི་མ་ཕ་ཡུལ་ཕྱོགས་ལ་རྒྱས་བྱུང་།
བཀྲ་ཤིས་བདེ་ལེགས་ནམ་ལངས་ཡོད།

དེ་རིང་བཀྲ་ཤིས་པའི་ཉི་མ་།།
ས་ལ་དུས་ཚོད་བཟང་།
བཀྲ་ཤིས་པའི་སྨོན་ལམ་ཞུ།
བསོད་ནམས་ཆེན་མོ།
ཕ་ཡུལ་ཕྱོགས་ལ་གསེར་གྱི་ཉི་མ་ཤར་བྱུང།

དེ་རིང་བཀྲ་ཤིས་པའི་ཉི་མ།
ས་ལ་དུས་ཚོད་བཟང་།
བཀྲ་ཤིས་པའི་སྨོན་ལམ་ཞུ།
བསོད་ནམས་ཆེན་མོ།
ཕ་ཡུལ་ཕྱོགས་ལ་གསེར་གྱི་ཉི་མ་ཤར་བྱུང།
ཡ་ལ་སོ་་་་་་་བཀྲ་ཤིས་ཤོག
ཡ་ལ་སོ་་་་བཀྲ་ཤིས་ཤོག
ཕ་ཡུལ་ཕྱོགས་ལ་གསེར་གྱི་ཉི་མ་ཤར་བྱུང་།
བཀྲ་ཤིས་ཤོག

རྩོམ་ཁུངས། སྒྲ་རོག་རོག།
རྩོམ་སྒྲིག་པ། བསོད་ཚེ།