♬རིན་ཆེན་རྣམ་རྒྱལ་སོགས་ཀྱི་གཞས་གསར་༼མཐུན་པ་སྤུན་བཞི།༽
སྤེལ་བའི་དུས་ཚོད། : 2017-01-31 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཐུན་པ་སྤུན་བཞི།
གླུ་ཚིག ལྷ་མགོན།
དབྱངས། ཏན་ཏན།
ལེན་མཁན། རིན་ཆེན་རྣམ་རྒྱལ། ཚེ་རིང་དབང་མོ། ཚེ་མདོ་ཡག

མཛའ་མཐུན་མཚོ་མོ་བསྐྱིལ་ནས།།
ཕྱི་ཐག་ཆུ་མོར་བསྲིངས་ནས།།
བྱང་ཆུབ་ལྗོན་པའི་ཚལ་ལ།།
མཐུན་པ་སྤུན་བཞི་འཛོམས་སོང་།།
ཆེ་བ་བྱ་དེ་སྲེག་པ།།
གཉིས་པ་རི་བོང་བློ་ལྡན།།
གསུམ་པ་ཕ་རྒྱུད་སྤྲེའུ།།
ཐ་ཆུང་གླང་ཆེན་རྒྱལ་བོ།།
རྒྱུ་འབྲས་མིག་གིས་འཚོས་ནས།།
དྲངས་བདེན་སེམས་ཀྱིས་གཉོར་ནས།།
བྱང་ཆུབ་ལྗོན་པའི་ཚལ་ལ།།
མཐུན་པ་སྤུན་བཞི་འཛོམས་སོང་།།
ལོ་ན་རྒན་གཞོན་རིམ་པ།།
ལྗོན་པའི་ཡལ་ཀས་འཇལ་སོང་།།
ཆེ་བཀུར་ཆུང་བྱམས་མ་དཔེས།།
ཕན་ཚུན་སྤྱི་བོར་བཀུར་སོང་།།

འཆམ་མཐུན་ལག་རྡང་སྤྲེལ་ནས།།
འཕེལ་རྒྱས་གཡང་དུ་བཀུགས་ནས།།
འབའ་ཀླུང་སྔོན་མོའི་འགྲམ་ལ།།
རོང་འབྲོག་མང་ཚོགས་འཛོམས་སོང་།
རྟ་ནོར་ལུག་གི་འཕེལ་ཁས།།
འབའ་ཐང་ཡངས་བོ་ཁེབས་སོང་།།
འབྲུ་དྲུག་ལོ་ཡག་སྙེ་མས།།
འབའ་གཞུང་རིང་མོ་བརྒྱན་སོང་།།
འབའ་ཉིན་འབའ་སྲིབ་མཚམས་ནས།།
འབའ་སྟོད་འབའ་སྨད་བར་ནས།།
རྐ་འབའི་སུམ་སྒྲོག་དཀྱིལ་ལ།།
སློབ་བུ་ང་ཚོ་འཛོམས་སོང་།།
དཔེ་ཀློག་དབྱངས་རྟའི་ཁྲོད་ནས།།
ཤེས་བྱ་སྐྱོགས་ལ་བཅུ་འགྲོ།།
མཐུན་སྒྲིལ་ལག་ཟུང་དམ་པོས།།
འབྱུང་འགྱུར་ཕ་ཡུལ་བསྐྲུན་ཡོང་།།


རྩོམ་ཁུངས། བོད་གླུ་འཕྲིན་སྟེགས།
རྩོམ་སྒྲིག་པ། རྟ་མགྲིན།