♬གནམ་མཚོའི་གཞས་གསར་༼དུས་གསུམ།༽
སྤེལ་བའི་དུས་ཚོད། : 2017-01-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 




གཞས་ཚིག
༼ དུས་གསུམ།༽
ཚིག་རྩོམ་མཁན། ཅུ་གང་།
དབྱངས་རྩོམ་མཁན། འཇམ་དབྱངས།
ལེན་མཁན། གནམ་མཚོ།

དང་པོ་ངེད་གཉིས་འཕྲད་དུས།།
མིག་ཟུང་ཕར་འཛུམ་ཚུར་འཛུམ།།
འཛུམ་པའི་ཟུར་མིག་བར་ནས།།
སྔོན་གྱི་ལས་འཕྲོ་རྙེད་སོང་།།
རྒྱ་མཚོའི་ནང་གི་ནོར་བུ།།
རྙེད་པ་དེ་དང་འདྲ་བྱུང།།

བར་དུ་ངེད་གཉིས་འཛོམས་དུས།།
སྙིང་གཏམ་པར་ལབ་ཚུར་གླེང་།
སེམས་དང་སེམས་པ་གླན་ནས།།
སྙིང་ལ་མདུན་པ་བརྒྱབ་ཡོད།།
རྟག་མེད་འཇིག་རྟེན་ཁམས་ནས།།
འཁོར་བའི་སྙིང་བོ་རྟོགས་སོང།།

མཐའ་མར་ངེད་གཉིས་གྱེས་དུས།།
སེམས་པ་ཕར་སྐྱོ་ཚུར་སྨྲེང་།།
སྐྱོ་སྡུག་མིག་ཆུའི་ཕྲེང་བ།།
མི་བརྗེད་བྲལ་ཁའི་རྟེན་ཡིན།།
བྱམས་པར་གྱེས་ཐེངས་ཤིག་གིས།།
སྙིང་གི་རུས་པ་ཆག་སོང་།།



རྩོམ་སྒྲིག་པ། བསོད་ཚེ།