♬གནམ་མཚོའི་གཞས་གསར༼མཛའ་མཐུན་ལས་ཀྱི་དམ་བཅའ།༽
སྤེལ་བའི་དུས་ཚོད། : 2016-11-30 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


མཛའ་མཐུན་གྱི་དམ་བཅའ།
ཚིག ཞི་བདེ་ཉི་མ།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
ལེན་མཁན། གནམ་མཚོ།

བཀྲ་ཤིས་ལུང་པའི་ཕུ་ལ།
ཆུ་མོ་ཤང་ཤང་བབས་སོང་།
ཤང་ཤང་ཆུ་མོའི་གཞུང་ལ།
དྲན་པའི་གཟུགས་བརྙན་འཁོར་སོང་།
བརྩེ་བའི་གཞས་ཆུང་ཕྲ་མོ།
ཆུ་མོའི་གཞུང་ལ་བླངས་ཡོད།
ཤིག་ཤིག་རླབས་ཕྲེང་ཁྲོད་ན།
རེ་སྒུག་ཉ་མོ་འཁོར་ཡོད།

ཆུ་མོའི་དྭངས་ཤ་ཞིག་ལས།
དུང་བའི་སེམས་པ་མཐོང་ཡོད།
ཤག་ཤག་རླབས་སྒྲའི་ཁྲོད་ནས།
མཇལ་འཛོམས་སྨོན་ལམ་ཐོས་ཡོད།

ཆུ་མོ་བཞུར་ན་བཞུར་ཞིག
བརྩེ་བ་བཞུར་ས་མ་རེད།
མཛའ་མཐུན་ལས་ཀྱི་དམ་བཅའ།
ཆུ་མོའི་འགྲམ་ནས་བཞད་ཡོད།

ཆུ་མོ་བཞུར་ན་བཞུར་ཞིག
བརྩེ་བ་བཞུར་ས་མ་རེད།
མཛའ་མཐུན་ལས་ཀྱི་དམ་བཅའ།
ཆུ་མོའི་འགྲམ་ནས་བཞད་ཡོད།
ཆུ་མོའི་འགྲམ་ནས་བཞད་ཡོད།

རྩོམ་ཁུངས། མགུར་དབྱངས་ལྷ་མོའི་འཕྲིན་སྟེགས།
རྩོམ་སྒྲིག་པ། རྟ་མགྲིན།