♬རྨི་ལམ་ནང་གི་རྟ་ཕོ། (སྨན་བླ་སྐྱབས་ཀྱིས་ཚིག་དང་སྒྲོལ་མ་སྐྱབས་ཀྱིས་གདངས་བརྩམས།)
སྤེལ་བའི་དུས་ཚོད། : 2016-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཞས་ཚིག སྨན་བླ་སྐྱབས།
གཞས་གདངས། སྒྲོལ་མ་སྐྱབས།


ངས་ཁྱོད་རྩྭ་ཐང་ལ་བཅོལ་ཡོད། རྨི་ལམ་ནང་གི་རྟ་ཕོ།
ངས་ཁྱོད་གཙང་ཆུ་ལ་བཅོལ་ཡོད། རྟ་ཕོ་ཁམ་པ་རྔོག་རིང་།
ལན་གསུམ་བལྟས་པའི་ཕྱོགས་ལ། ཉི་ཟླ་སྐར་གསུམ་ཤར་ཡོད།
གོམ་གསུམ་སོང་བའི་རྗེས་ལ། སྤང་རྒྱན་མེ་ཏོག་བཞད་ཡོད།
ཨོ། རྟ་ཕོ། བུ་ཆུང་རྒྱང་ལ་སོང་ཡང་རྣམ་ཤེས་ཁྱོད་ལ་འཁོར་ཡོད།
བོར་བའི་གཞས་གཅིག་འཚོལ་བཞིན་འཚོལ་བཞིན་ཡུལ་ལ་ལོག་དུས།
ང་ཡི་རྨི་ལམ་ནང་གི་རྟ་ཕོ་གང་ལ་སོང་།
རྨི་ལམ་ནང་གི་རྟ་ཕོ། སེམས་པའི་མཐིལ་གྱི་རྟ་ཕོ།
ཁྱོད་གང་ལ་སོང་། ཁྱོད་གང་ལ་སོང་། ཁྱོད་གང་ལ་སོང་།



ངས་ཁྱོད་རྩྭ་ཐང་ལ་བཅོལ་ཡོད། རྨི་ལམ་ནང་གི་རྟ་ཕོ།
ངས་ཁྱོད་གཙང་ཆུ་ལ་བཅོལ་ཡོད། རྟ་ཕོ་ཁམ་པ་རྔོག་རིང་།
ལྷང་ལྷང་ལན་གསུམ་འཚེར་བ། རྨི་ལམ་ནང་ནས་གོ་ཡོད།
བང་དང་གཟུགས་གཞིའི་རི་མོ། དྲན་པའི་སེམས་ལ་བྲིས་ཡོད།
ཨོ། རྟ་ཕོ། བུ་ཆུང་རྒྱང་ལ་སོང་ཡང་རྣམ་ཤེས་ཁྱོད་ལ་འཁོར་ཡོད།
བོར་བའི་གཞས་གཅིག་འཚོལ་བཞིན་འཚོལ་བཞིན་ཡུལ་ལ་ལོག་དུས།
ང་ཡི་རྨི་ལམ་ནང་གི་རྟ་ཕོ་རྟ་གང་ལ་སོང་།
རྨི་ལམ་ནང་གི་རྟ་ཕོ། སེམས་པའི་མཐིལ་གྱི་རྟ་ཕོ།
ཁྱོད་གང་ལ་སོང་།


གཞས་ཁུངས། ཀྲུང་གོའི་བོད་ཀྱི་རོལ་མོའི་དྲ་བ།
རྩོམ་སྒྲིག་པ། བསོད་ནམས་འཚོ།