♬གདུགས་དཀར་འབུམ་དང་ཚེ་རིང་མཚོའི་མཉམ་ལེན་༼ལས་ཀྱི་སྐྱ་ཡ།༽
སྤེལ་བའི་དུས་ཚོད། : 2016-08-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


ཚིག ཁྱུང་ཐར་རྒྱལ།དབྱངས་བཞི་པདྨ་ཚེ་བརྟན།
དབྱངས། རིན་ཆེན་འབུམ།
གཞས་པ། གདུགས་དཀར་འབུམ། ཚེ་རིང་མཚོ།



ཚེ་གཅིག་ལུས་ལ་གྱོན་པའི།།
དྲོད་འཇམ་ཚ་རུ་ཁྱོད་ཡིན།།
ཚིག་གསུམ་དར་གྱི་མདུད་པ།།
གོང་བའི་ནང་ནས་བཤད་ཡོད།།

ཚེ་གཅིག་སེམས་ལ་ཉར་བའི།།
སྙིང་གི་འོད་གོར་ཁྱོད་ཡིན།།
དུང་བའི་དབུ་ཁྱུད་རིང་མོ།།
ལས་ཀྱི་གཏིང་ལ་སིམ་ཡོད།།

ཨོ། སྙིང་གི་ཚེ་རིང་མཚོ་མོ།
ཨོ། ཚེ་གཅིག་ལས་ཀྱི་སྐྱ་ཡ་ཡིན།
ཨོ། བུ་ཆུང་བསམ་པའི་དོན་གྲུབ།
ཨོ། ཚེ་གཅིག་ལས་ཀྱི་སྐྱ་ཡ་ཡིན།

ཚེ་སྔོན་ལས་ཀྱིས་བསྐོས་པའི།།
གཏན་གྱི་ཚེ་གྲོགས་ཁྱེད་ཡིན།།
སྐྱེ་བ་འདི་ཡི་ལས་འཕྲོ།།
སྟག་ཤར་ཁྱེད་ལ་གཏད་ཡོད།།

ཚེ་སྔོན་ལས་ཀྱིས་སྤྲད་པའི།།
དངུལ་ཞུན་དུང་ཟླ་ལྷ་མོ།།
སེམས་དང་སེམས་པ་གཅིག་ཡིན། །
རྡོ་རྗེ་དམ་ཚིག་གཅིག་ཡིན། །

ཨོ། སྙིང་གི་ཚེ་རིང་མཚོ་མོ།
ཨོ། ཚེ་གཅིག་ལས་ཀྱི་སྐྱ་ཡ་ཡིན།
ཨོ། བུ་ཆུང་བསམ་པའི་དོན་གྲུབ།
ཨོ། ཚེ་གཅིག་ལས་ཀྱི་སྐྱ་ཡ་ཡིན།