ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

རང་རྒྱལ་གྱིས་གློག་དྲ་གསར་པ་འཛུཌ་སྐྲུན་བྱེད་ཤུཌ་ཆེ་རུ་གཏོང་རྒྱུ།

2026-09-03 16:51:00     责编:卓玛才让

ཟླ་9པའི་ཚེས་2ཉིན་གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་།  རང་རྒྱལ་གྱིས་གློག་དྲ་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་ཆད་མེད་པར་འཕར་སྣོན་འགྲོ་བཞིན་པའི་གློག་སྤྱོད་དགོས་མཁོ་བསྐང་རྒྱུ་རེད།

རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་། རང་རྒྱལ་གྱི་གློག་ཤུགས་དགོས་མཁོ་སྔར་བཞིན་ལོ་རེར་ཆ་སྙོམས་5%ཡས་མས་འཕར་སྣོན་འགྲོ་རྒྱུ་དང་། ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་སྔར་བས་མང་དུ་འགྲོ་རྒྱུ། རྩེར་སོན་ཐོན་ལས་ཐད་སྦགས་མེད་སྤུས་མཐོའི་གློག་ནུས་སྤྱོད་པའི་དགོས་མཁོ་བརྟན་པོའི་ངང་འཕར་སྣོན་འགྲོ་རྒྱུ་ཡིན་པས། དེས་གློག་དྲ་གསར་པ་འཛུགས་སྐྲུན་བྱ་རྒྱུར་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། རང་རྒྱལ་གྱིས་གློག་དྲ་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གློག་སྐྱེལ་བགྲོད་ལམ་སོགས་གློག་དྲའི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་ཞིབ་མཆན་འགོད་པ་མགྱོགས་སུ་བཏང་ནས། གློག་དྲ་ཆེ་གྲས་ཀྱི་བདེ་འཇགས་དང་བརྟན་ལྷིང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

དུས་མཚུངས། “མི་ཐབས་རིག་ནུས་+ ”ཞེས་པ་དང་། མཉེན་གཤིས་གྲུབ་ཚུལ་དྲ་བ། རིག་ནུས་སྙོམས་སྒྲིག ཡུན་རིང་ནུས་གསོག་སོགས་གློག་དྲའི་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་གང་མགྱོགས་བྱེད་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ་གློག་དྲ་སྔར་ལས་སྤྱང་གྲུང་ལྡན་པ་དང་སྔར་ལས་སྟབས་བསྟུན་ཡོང་བ་བྱ་རྒྱུ་རེད།

གཞན་ཡང་། སྣ་མང་འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གསར་པའི་ཕན་འབྲས་ཆེ་བའི་དྲ་སྦྲེལ་བསྡུ་ལེན་དང་སྤུས་ཚད་མཐོ་བའི་གློག་མཁོ་འདོན། གློག་རྩིས་མཉམ་སྡེབ་སོགས་ལས་རྣམ་གསར་པའི་སྟབས་བསྟུན་འོས་འཚམ་གྱི་གློག་དྲའི་ཞབས་ཞུ་གསར་པ་རིམ་སྤོར་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

རང་རྒྱལ་གྱིས་གློག་དྲ་གསར་པ་འཛུཌ་སྐྲུན་བྱེད་ཤུཌ་ཆེ་རུ་གཏོང་རྒྱུ།