ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ལྕཌ་རིཌ་ཐོན་ཁུངས་འདི་རིཌ་བེད་སྤྱོད་ཐད་འགག་སྒྲོལ་གསར་པ་བྱུང་བ།

2026-09-02 17:09:00     责编:卓玛才让

རང་རྒྱལ་ནི་གོ་ལ་ཧྲིལ་པོའི་ལྕགས་གཏེར་འཛད་སྤྱོད་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། ཕྱི་ཕྱོགས་ལ་བརྟེན་ཚད་མཐོ་པོ་ཡོད། ཚན་ཞིབ་ཚོགས་པས་རྒྱལ་སྤྱིའི་ཐོག་འདེམས་དཀའ་བའི་ལྕགས་གཏེར་རིགས་ནུས་ཆེའི་ངང་བེད་སྤྱོད་བྱེད་པའི་ལྟེ་བའི་ལག་རྩལ་གྱི་འགག་གནད་ལས་ཐེངས་དང་པོར་བསྒྲོལ་ཡོད་པ་དང་། གོ་ལ་ཧྲིལ་པོའི་འདེམས་དཀའ་བའི་ལྕགས་གཏེར་སྡུད་འགྱུར་སྲོ་གཏོང་ལས་གྲྭ་ཆེ་ཤོས་དེ་ཟླ་9ཚེས་1ཉིན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད།

འདེམས་དཀའ་བའི་ལྕགས་གཏེར་ཞེས་པ་ནི་རྒྱུན་ལྡན་གྱི་གཏེར་ཁ་འདེམས་ཐབས་ལ་བརྟེན་ནས་ལྕགས་གཏེར་དང་ལྷད་རྫས་གཉིས་ནུས་ལྡན་དབྱེ་འབྱེད་བྱེད་དཀའ་བ་དང་སྤུས་ཚད་མཐོ་བའི་ལྕགས་གཏེར་ཡག་པོ་ཐོན་མི་ཐུབ་པའི་གདོད་མའི་གཏེར་རྫས་ལ་ཟེར་ལ། རྒྱུན་ལྡན་གྱི་གཏེར་འདེམས་ཁྲོད་ཕྱིར་ཕུད་པའི་སྤུས་ཚད་ཧ་ཅང་ཞན་པའི་གཏེར་སྙིགས་ཀྱང་འདེམས་དཀའ་བའི་ལྕགས་གཏེར་གྱི་ཁོངས་སུ་གཏོགས་ཀྱི་ཡོད་པས། སྔོན་ཆད་མང་ཆེ་བ་བེད་མེད་སྙིགས་རོར་བརྩིས་ནས་བེད་སྤྱོད་རིན་ཐང་ཧ་ཅང་དམའ་པོ་ཡིན། གཏེར་ཁ་དེ་རིགས་དང་གཏེར་འདེམས་སྙིགས་རོ་དེ་རིགས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་ཆེད། ཀྲུང་གོ་ཚན་རིག་ཁང་བརྒྱུད་རིམ་ལས་གྲྭ་ཞིབ་འཇུག་སུའོ་ཡི་ཚན་ཞིབ་ཚོགས་པས་སྲོལ་རྒྱུན་གྱི་སྡུད་འགྱུར་སྲོ་གཏོང་ལག་རྩལ་ཇུས་གཞིའི་ཚད་བཀག་ལས་བརྒལ་ཏེ་གཏེར་རྡོའི་རིལ་རྡོག་སྡུད་འགྱུར་སྲོ་གཏོང་གི་དུས་ཚོད་སྙོམས་སྒྲིག་ཞིབ་ཚགས་པའི་སྡུད་འགྱུར་སྲོ་གཏོང་ལག་རྩལ་གསར་པ་ཆ་ཚང་ཞིག་བཏོད་ཐུབ་ཡོད་ཅིང་། དེས་ལྕགས་འདུས་ཚད་11%མ་གཏོགས་མེད་པའི་ལྕགས་གཏེར་སྙིགས་རོ་བཅོས་སྒྲིག་བྱས་རྗེས། ལྕགས་རྒྱུའི་སྤུས་ཚད་64%ཡན་ཟིན་པའི་ལྕགས་གཏེར་སྤུས་ལེགས་ཐོན་ཐུབ་ཀྱི་ཡོད།

ཀྲུང་གོ་ཚན་རིག་ཁང་བརྒྱུད་རིམ་ལས་གྲྭ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲུའུ་ཆིང་ཧྲན་གྱིས། ལག་རྩལ་འདིས་དེའི་གནད་སྨིན་བརྗེ་སྒྱུར་གནད་དོན་ཐག་གཅོད་ཐུབ་སྟེ། ལྕགས་གཏེར་ནང་གི་སྡུད་གཤིས་མེད་པའི་གཏེར་ཁ་ཚང་མ་སྡུད་གཤིས་ཅན་གྱི་གཏེར་ཁར་བསྒྱུར་བ་དང་དུས་མཚུངས་སུ་སྲོ་གཏོང་གི་མ་གནས་ཇེ་དམའ་རུ་བཏང་ཡོད་པས། འདེམས་དཀའ་བའི་ལྕགས་གཏེར་རིགས་གཞི་ཁྱོན་ཆེ་བའི་བཟོ་ལས་ཁྲོད་ཞིབ་ཚགས་ཅན་གྱི་བེད་སྤྱོད་ཐུབ་ཡོད་ཅེས་བརྗོད་ཡོད།

ལག་རྩལ་དེར་གཞིགས་ནས་གོ་ལ་ཧྲིལ་པོའི་འདེམས་དཀའ་བའི་ལྕགས་གཏེར་གྱི་རྒྱུག་རྣམ་ཅན་གྱི་སྡུད་འགྱུར་སྲོ་གཏོང་རྣམ་གྲངས་ཆེ་ཤོས་དེ་ད་ལོའི་ཟླ་དང་པོར་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ལྕགས་གཏེར་དུ་བསྒྱུར་ཚད་98%ཟིན་ཡོད་པས། དངོས་སུ་“གད་སྙིགས་ནོར་བུར་བསྒྱུར་” ཐུབ་ཡོད།

ཨན་ཀང་གཏེར་ལས་ཐོན་ཁུངས་བེད་སྤྱོད(ཨན་ཧྲན)ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཧྥན་ཞི་ཅེ་ཡིས། ང་ཚོའི་རྣམ་གྲངས་དེ་ཉེ་དུས་ཐོན་འབོར་ཚད་ལ་སླེབས་ནས། ལོ་ལྟར་སྤུས་ལེགས་ལྕགས་གཏེར་ཏུན་ཁྲི་220ཐོན་སྐྱེད་བྱེད་ཐུབ་པས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཧྲིལ་པོའི་བདེ་འཇགས་དང་བརྟན་ལྷིང་ཐད་འདེགས་སྐྱོར་གྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་རྒྱུ་རེད་ཅེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ལྕཌ་རིཌ་ཐོན་ཁུངས་འདི་རིཌ་བེད་སྤྱོད་ཐད་འགག་སྒྲོལ་གསར་པ་བྱུང་བ།