ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཚ་གཡོལ་བྱེད་ས་སྐྱིད་པོ་འགའ་ངོ་སྤྲོད་ཞུ།

2026-08-05 16:48:00     责编:卓玛才让
 

ཚ་གདུག་གི་དུས་སུ་སླེབས་ཚུན། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཚ་དྲོད་ཆེ་བའི་གནམ་གཤིས་བསྟན་གྱི་ཡོད་ཅིང་། དྲོད་ཚད་མཐོ་བའི་དབྱར་དུས་སུ་ས་གནས་ཁག་གི“བསིལ་འཇམ་དཔལ་འབྱོར”རྒྱུན་མཐུད་ངང་འཁྲུག་ཆ་དོད་པོར་གྱུར།

1.ཀྲེ་ཅང་ལི་ཧྲུའེ།

ཀྲེ་ཅང་ལི་ཧྲུའེ་སུའེ་ཁྲང་རྫོང་དུ་ས་གནས་དེ་གས་བེད་མེད་གཏེར་ཁུང་གི་ཐོན་ཁུངས་སླར་གསོ་བྱས་ནས། ས་འོག་གི་སྨི་218མཚམས་ཀྱི་དྲོད་ཚད་ཧྲ་ཧྲེ་ཏུའུ་18ཡིན་པའི“ས་སྙིང་འཇིག་རྟེན”ཞེས་པའི་ས་འོག་ཚ་གཡོལ་བྱེད་ས་བཏོད་པས། ས་འོག་ཚ་གཡོལ་ཉམས་ལེན་དེ་དབྱར་ཁའི་གུང་གསེང་གི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་གླེང་མང་བའི་གསར་འགྱུར་དུ་གྱུར་བ་དང་། ས་ཆ་གཞན་གྱི་ཡུལ་སྐོར་བ་མི་ཉུང་བ་ཞིག་གནས་དེར་ཆེད་མངགས་ཡུལ་སྐོར་དུ་ཡོང་གི་ཡོད།

ཀྲེ་ཅང་ལི་ཧྲུའེ་ཡུན་ཧོ་རྫོང་ཁྲུང་ཐོའུ་གྲོང་རྡལ་ཧོང་ཅ་ཧྲེ་གྲོང་ཚོར། ས་གནས་དེས་སྨི་སྟོང་གི་ས་བབ་མཐོ་ཚད་དང་། འབྱུང་ཁམས་བཟང་པོར་བརྟེན་ནས་དབྱར་དུས་ཀྱི“བསིལ་འཇམ་ཐོན་ཁུངས”དེ་གྲོང་གསེབ་ཀྱི“དཔལ་འབྱོར་ཡོང་ཁུངས”སུ་བསྒྱུར་ཡོད། 

2.ཡུན་ནན་ལི་ཅང་།

ཉེ་ཆར་ཡུན་ནན་ལི་ཅང་གི་ལུའུ་ཀུའུ་མཚེའུ་མཛེས་ལྗོངས་ཁུལ་དུ་མཚོ་ཚལ་མེ་ཏོག་རྒྱ་ཁྱོན་ཆེན་པོས་བཞད་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་དེ་རིགས་ལུའུ་ཀུའུ་མཚེའུ་ལ་དམིགས་བསལ་དུ་ཡོད་པ་དང་། ཆུའི་སྤུས་ཚད་ལ་ཚོར་སྣང་ཧ་ཅང་སྐྱེན་པས་ཆུ་དྭངས་མོ་ཡོད་ན་བཞད་ཁ་འབྱེད་པས“ཆུ་དྭངས་བཞད”ཅེས་པ་དང“ཆུའི་སྤུས་ཚད་ལ་ལྟ་བྱེད”ཅེས་འབོད་སྲོལ་ཡོད།

དབྱར་ཁའི་གུང་གསེང་རིང་། མཚེའུ་འགྲམ་གྱི་ཀོག་ཧྥེ་ཁང་དང་སྤུས་ལེགས་སྡོད་ཁང་སོགས་སུ་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་པ་དང་། མཚེའུ་བསྐོར་ནས་མཛེས་ལྗོངས་ལ་ལྟ་བ་དང་ཡུལ་སྐོར་བྱེད་ཞོར་པར་ལེན་པ་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱིས་ཡུལ་སྐོར་བར་མེ་ཏོག་དང་མཚེའུའི་ཁྲོད་བསིལ་འཇམ་གྱི་དབྱར་ཁར་མྱོང་རོལ་བྱེད་དུ་བཅུག་ཡོད།

3. ཐེན་ཅིན་གྲོང་ཁྱེར།

ཐེན་ཅིན་གྲོང་ཁྱེར་ཅི་ཀྲོའུ་ཆུས་སུ“བསིལ་འཇམ་ཆུ་རྩེད་ཡུལ་སྐོར”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྦབ་ཆུ་རྩེག་མ་དང་ཆུ་ཐོག་འགག་སྒྲོལ་སོགས་རྣམ་གྲངས་སྣ་ཚོགས་ཚུད་པའི་བརྗོད་དོན་གཙོ་བོའི་མྱོང་རོལ་བྱེད་ས་བཏོད་ཡོད་པ་རེད།

རང་བྱུང་ཁམས་ཆེན་མོ་དང་ཉེ་བར་བཅར་བ་ཕུད། མེ་འཁོར་ལ་བསྡད་དེ་ཡུལ་ལྗོངས་ལ་ལྟ་བའང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། ཐེངས་འདིའི་དབྱིངས་ཚུད་རྣམ་པའི་ཁྱད་ལྡན་འཁྲབ་སྟོན་གྱི་རིག་གནས་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར“ཐེན་ཅིན་ཡུལ་སྐོར་དུས་ཚོད་རྟགས་ཅན”ཅེས་པར་མཚོན་ན། འཁོར་སྒམ་ཚང་མར་འཁྲབ་སྟོན་ལ་ལྟ་བ་དང་མཉམ་འགུལ་བྱེད་ཆོག་པའི་ཁྱད་ནུས་འཛོམས་ཡོད།

4.ནང་སོག

ཉིན་ཤས་རིང་ནང་སོག་པའོ་ཐོའུ་གྲོང་ཁྱེར་ཏ་མའོ་རྫོང་གི་དབྱར་ཁའི་གུང་གསེང་རིག་གནས་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། པའེ་ལིང་ན་ཏ་མུའུ་རིག་གནས་ཐོན་ལས་གླིང་དུ་བསྐྱོད་སྐབས། མང་ཚོགས་ཁྲི་ཁ་ཤས་ཕྱོགས་བཞི་མཚམས་བརྒྱད་ནས་རྩྭ་ཐང་དུ་འཛོམས་ཡོད་པས། དགའ་འབོད་དང་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་མཉམ་ལས་ལས་སྟེགས་ལ་བརྟེན་ནས་ལིང་ནན་གྱི་སེང་བྲོ་དང་། ཀྲུང་ཡོན་གྱི་རྔ་བྲོ། རྩྭ་ཐང་གི་ཞབས་བྲོ་བཅས་གར་སྟེགས་གཅིག་ཏུ་འཁྲབ་སྟོན་བྱས་པ་དང་། ལྷོ་བྱང་གི་དམངས་སྲོལ་ཕན་ཚུན་གཅིག་ཏུ་བསྡེབས་པས་ཡུལ་དངོས་ཀྱི་རྣམ་པ་དགའ་སྤྲོས་ཁེངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཚ་གཡོལ་བྱེད་ས་སྐྱིད་པོ་འགའ་ངོ་སྤྲོད་ཞུ།