ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཨ་རིས་དབྱི་རན་ལ་རེས་སྐོར་གསར་པའི་རྡུང་རྡེག་གཏོང་འགོ་ཚུགས་པ།

2026-07-23 16:00:00     责编:卓玛才让

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་22ཉིན། ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཤར་རྒྱུད་དུས་ཚོད་ཚེས་22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་30ལ། ཨ་རིའི་དམག་གིས་དབྱི་རན་གྱི་དམག་དོན་དམིགས་འབེན་ལ་རེས་སྐོར་གསར་པའི་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བརྗོད་ཡོད། འདི་ནི་ཨ་རིའི་དམག་གིས་དབྱི་རན་ལ་བསྟུད་མར་རྡུང་རྡེག་བྱ་སྤྱོད་སྤེལ་བའི་དགོང་མོ་བཅུ་གཉིས་པ་དེ་ཡིན་པ་རེད།

ཨ་རིའི་ཀྲུང་དབྱང་དམག་སྤྱི་པུས། ད་ཐེངས་ཀྱི་བྱ་སྤྱོད་ནི་འབྲེལ་ཡོད་མཚོ་ཁོངས་སུ་དབྱི་རན་གྱིས་ཚོང་ལས་ཀྱི་མཚོ་ཐོག་སྐྱེལ་འདྲེན་ལ་འཇིགས་སྐུལ་བྱེད་པའི་ནུས་པ་མུ་མཐུད་ཉམས་ཞན་དུ་གཏོང་ཆེད་ཡིན་ཞེས་བརྗོད་ཡོད།

ཉིན་དེའི་སྔ་ཙམ་ལ། ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་སྤྱི་འབྲེལ་སྨྱན་སྦྱོར་ཐོག་ཡི་གེ་སྤེལ་བའི་ནང་། དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་ཚོད་འཛིན་བྱེད་ཀྱི་མེད་ཅེས་བསྐྱར་བསྒྲགས་བྱས་པ་མ་ཟད། ཟླ་7ཚེས་14ཉིན་ཨ་རིའི་དམག་གིས་དབྱི་རན་ལ་མཚོ་ཐོག་བཀག་སྡོམ་སླར་གསོ་བྱས་པ་ནས་བཟུང་ཚོང་དོན་གྲུ་གཟིངས་9ཡི་ཁ་ཕྱོགས་བསྒྱུར་དགོས་བྱུང་བ་དང་ཚོང་དོན་གྲུ་གཟིངས་གཅིག་གི་འགྲུལ་སྐྱོད་ནུས་པ་མེད་པར་གྱུར་བ་བཟོས་ཡོད་ཅེས་འཁོད་ཡོད།

ཚེས་22ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས། དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་ཏུ་གྲུ་གཟིངས་ལ་མེ་མདའ་རྒྱག་ཐེངས་རེར་ཨ་རིས་དབྱི་རན་གྱི་ཟམ་པའམ་ཡང་ན་གློག་ཁང་ཞིག་འབར་གཏོར་བྱ་རྒྱུ་ཡིན་ཞིང་། དེའི་ནང་ཐེ་ཧེ་རན་གྲོང་ཁྱེར་ནང་དང་དེ་བཞིན་མཐའ་འཁོར་གྱི་སྒྲིག་བཀོད་དེ་རིགས་ཚུད་ཡོད་ཅེས་བཤད་པ་རེད། དབྱི་རན་དམག་ཕྱོགས་ཀྱིས། གལ་སྲིད་ཨ་རིས་དབྱི་རན་གྱི་ཟམ་པའམ་ཡང་ན་གློག་ཁང་ལ་རྡུང་རྡེག་བཏང་ཚེ། དབྱི་རན་གྱིས་འཁོན་ལན་རང་བཞིན་སྒོ་ནས་ཨ་རི་ཕྱོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ས་ཁུལ་དེའི་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་ཆས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་ལན་ཆ་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཨ་རིས་དབྱི་རན་ལ་རེས་སྐོར་གསར་པའི་རྡུང་རྡེག་གཏོང་འགོ་ཚུགས་པ།