ཨ་རིས་ཁུ་པར་དམག་རྒྱག་པའི་གྲ་སྒྲིག་བྱེད་བཞིན་འདུག་ཟེར།
ཚེས་15ཉིན་ཨ་རི་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། གནས་ཚུལ་ཤེས་མཁན་དཔོན་རིགས་མང་པོ་ཞིག་གིས་ཨ་རིའི་རྒྱལ་སྲུང་པུའི་དམག་དོན་འཆར་འགོད་མི་སྣས་ཉེ་བའི་གཟའ་འཁོར་ཁ་ཤས་ནང་ཁུ་པར་དམག་དོན་བྱ་སྤྱོད་སྤེལ་རྒྱུའི་ཇུས་གཞི་རབ་དང་རིམ་པར་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། དེའི་ནང་སྐམ་དམག་གིས་གཙོ་ཁྲིད་བྱས་ཤིང་། མཁའ་མཆོང་ཧྲི་ཤོག་101གིས་ལག་ལེན་བསྟར་རྒྱུ་དང་། དམག་མི་སྟོང་ཕྲག་ཁ་ཤས་ཀྱིས་མཁའ་ཐོག་འཕྲལ་རྒོལ་བྱ་སྤྱོད་སྤེལ་རྩིས་ཚུད་ཡོད་ཅེས་ཟུར་གསལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་གོང་མའི་ཟླ་མཇུག་ཏུ་ཨ་རིའི་དམག་གིས་དམག་འཐབ་བསམ་བཀོད་ཀྱི་གསར་འགྱུར་མདོར་བསྡུས་ཚོགས་འདུ་ཐེངས་གཅིག་འཚོགས་ནས། ཆེད་དམིགས་ལས་འགན་སྒྲུབ་པའི་ཐོག་མའི་དམག་དོན་བྱ་སྤྱོད་ཀྱི་ཇུས་གཞིར་གྲོས་བསྡུར་བྱས་ཡོད། འོན་ཀྱང་དེའི་ཐོག་ནས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའམ་ཡང་ན་ཨ་རིའི་རྒྱལ་སྲུང་ཡིས་ཞིབ་ཕྲའི་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་མཚོན་གྱི་མེད།
གནས་ཚུལ་སྤེལ་བའི་ནང་ད་དུང་། ཨ་རིའི་རྒྱལ་དོན་ཁང་གིས་ཁུ་པར་དངུལ་རྩའི་བཀག་སྡོམ་སྔར་བས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅེས་འཁོད་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས། ཨ་རི་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ཁུ་པར་ལག་རྩལ་གྱིས་འགོ་ཁྲིད་བྱེད་པ་དང་། དཔལ་འབྱོར་བསྒྱུར་བཅོས་ཁྱབ་གདལ་གཏོང་འདོད་ཡོད་པའི་སྲིད་གཞུང་གསར་པར་བར་བརྒལ་བྱེད་དུ་འཇུག་རྒྱུར་བློ་ཁ་ཕྱོགས་ཀྱི་ཡོད་ཅེས་ནན་བཤད་ཐེངས་མང་བྱས་ཡོད།
ད་དུང་བཅར་འདྲི་དང་ལེན་བྱེད་མཁན་དཔོན་རིགས་ཤིག་གིས། གཟའ་འཁོར་གོང་མར་ཨ་རིས་དབྱི་རན་ལ་སླར་ཡང་དམག་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པར་དམིགས་ནས། མིག་སྔར་དམག་དོན་སྤེལ་ཕྱོགས་ཀྱི་གཙོ་གནད་ཁུ་པར་སྒྱུར་མི་སྲིད་ཅེས་བརྗོད་ཡོད།

△美国国防部大楼(资料图)
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




