གཅིན་པའི་ཁ་དོག་ལས་ལུས་ཀྱི་བདེ་ཐང་གནས་ཚུལ་ཤེས་ཐུབ།

སྐྱེ་བོ་ཕལ་ཆེ་བའི་རྒྱུན་ལྡན་གྱི་གཅིན་པའི་ཁ་དོག་ནི་སེར་དཀར་དང་། དྭངས་གསལ་ཡིན་པ་གང་ཞིག་དངོས་པོ་གཞན་གྱི་འདྲེས་ལྷད་མེད་པ་ཞིག་ཡིན། གཞན་ཡང་། ཤོད་སྲོལ་ལ་གཅིན་པ་ནི་མིའི་ལུས་ཁམས་ཀྱི་བདེ་ཐང་གནས་ཚུལ་གསལ་བའི་ཆུ་ཤེལ་མེ་ལོང་ཞིག་དང་འདྲ་ཟེར་བས། ཁྱེད་ཀྱིས་གཅིན་པ་བཏང་ཟིན་རྗེས་མགོ་བོ་མར་ལ་སྒུར་ནས་གཅིན་པའི་ཁ་དོག་ལ་ནན་ཏན་ངང་དོ་སྣང་བྱོས་དང་། གཅིག་བྱས་ན་དེ་ལས་ཁྱེད་ཀྱི་ལུས་པོའི་བདེ་ཐང་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ངེས།

■གཅིན་པའི་ཁ་དོག་ཇ་ཁུ་མདོག
དུས་ཡུན་རིང་པོར་གཅིན་པའི་ཁ་དོག་ཇ་ཁུ་མདོག་ཡིན་པ་མ་ཟད། ཆུ་མང་པོ་བཏུངས་རྗེས་ཀྱང་གཅིན་པའི་ཁ་དོག་ལ་འགྱུར་བ་མེད་ན། མཆིན་པར་ནད་ཡོད་པར་དོགས་ཟོན་བྱེད་དགོས་པ་སྟེ། དཔེར་ན་མཁྲིས་དམར་རྒྱུ་(胆红素)ལུས་ཕྱིར་འབུད་པའི་ཐད་ལ་གནད་དོན་ཡོད་པའི་རྟགས་རེད།

■གཅིན་པའི་ཁ་དོག་སྔོན་པོ།
གཅིན་པའི་ཁ་དོག་སྔོན་པོ་ཡིན་ན། ཕལ་ཆེར་ལུས་པོར་ཟངས་གཡའ་སྔོན་པོའི་ཕྲ་ཕུང་རྐྱང་མའི་ནར་སྲིན་(铜绿假单细胞)འགོས་པ་ཞིག་རེད་ལ། ཡང་ན་ཡ་ཅཱ་ལན་(亚甲蓝)སོགས་སྨན་རྫས་བཀོལ་བ་ལས་བྱུང་བ་ཞིག་རེད།

■གཅིན་པའི་ཁ་དོག་དམར་པོ།
གཅིན་པའི་ཁ་དོག་དམར་པོ་ཡིན་པ་ནི་ཕལ་ཆེར་ཚོས་མདོག་དམར་པོའི་ཟས་རིགས་ཟས་པའི་རྐྱེན་གྱིས་ཡིན་ཤས་ཆེ། དོ་སྣང་བྱེད་དགོས་པ་ཞིག་ལ། གལ་ཏེ་གཅིན་པའི་ཁ་དོག་དམར་པོ་ཁྲག་དང་འདྲ་བ་མ་ཟད། ཁྲག་གཅིན་དམར་པོ་ཡང་ཡང་ཐོན་ན། དེ་ནི་ཕལ་ཆེར་ལྒང་པའི་འབྲས་སྐྲན་དང་ཕོ་རྨེན་ངན་སྐྲན་ཕོག་པ་དང་འབྲེལ་བ་ཡོད་པ་ཞིག་རེད།

■གཅིན་པའི་ཁ་དོག་དཀར་པོ།
གཅིན་པའི་ཁ་དོག་འོ་མའི་མདོག་བཞིན་དཀར་པོ་དཀར་རྐྱང་ཡིན་པ་མ་ཟད།“སྲན་ཞོའི་ཧྲུག་རྡོག་”ལྟ་བུའི་ལྷད་རྫས་འདྲེས་ཡོད་ན། རྐང་འབམ་དང་། རྨེན་བུའི་སྐྲན་ནད། གཤེར་མའི་འབྲས་སྐྲན་སོགས་ཀྱི་ནད་དང་འབྲེལ་བ་ཡོད་པ་ཞིག་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




