“དྲ་བ་དྲུག་པོ་”འདིས་སྤུས་མཐོའི་གོང་འཕེལ་ལ་སྒུལ་ནུས་གསར་པ་བསྣན།
"དྲ་བ་དྲུག"ནི་ཆུ་དྲ་དང་གློག་དྲ་གསར་པ། རྩིས་ཤུགས་དྲ་བ། འཕྲིན་སྐྱེལ་དྲ་བ་རབས་གསར་པ། གྲོང་ཁྱེར་གྱི་ས་འོག་སྦུག་དྲ་དང་དེ་བཞིན་དངོས་ཟོག་སྐྱེལ་འདྲེན་དྲ་བ་བཅས་ཡིན། " དྲ་བ་དྲུག"གི་འཆར་འགོད་བཀོད་སྒྲིག་ནང་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱ་རྒྱུ་ཚུད་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ཡང་ཚུད་ཡོད།
འཐབ་ཇུས་འཆར་འགོད་ནས་ལས་གྲྭའི་འཐབ་ས་དང་པོའི་བར་"དྲ་བ་དྲུག"གི་འཛུགས་སྐྲུན་མཚམས་ཚིགས་རེ་རེ་ནས་འགོ་བཙུགས་ཏེ་གཅིག་སྦྲེལ་གཅིག་མཐུད་བྱེད་བཞིན་ཡོད་པ་རེད།

ཆུ་དྲ།
ས་འོག་གི་སྨི་287ཟིན་པའི་ཨར་ལས་བྱ་ཡུལ་དུ་རྒྱལ་ཁབ་ཀྱི་ཆུ་དྲའི་རྐང་འཛིན་ལས་གྲྭ་སྟེ་"འབྲི་ཆུ་ཧན་ཅང་གཙང་པོར་གསབ་པའི་"ལས་གྲྭ་ལ་སྔར་བྱུང་མྱོང་མེད་པའི་ཚོད་བགམ་འཕྲད་བཞིན་ཡོད།
མིག་སྔའི་བར་འབྲི་ཆུ་ཧན་ཅང་གཙང་པོར་གསབ་པའི་ལས་གྲྭའི་ཕུག་ལམ་གཙོ་བོ་སྔོག་ཚད་རིམ་རྩིས་བྱས་ན་སྤྱི་ལེ་27ལས་བརྒལ་བ་དང་། ཡན་ལག་ཕུག་ལམ་སྔོག་ཚད་རིམ་རྩིས་བྱས་ན་སྤྱི་ལེ་40ལས་བརྒལ་ཡོད།
གྲོང་ཁྱེར་གྱི་ས་འོག་སྦུག་དྲ།
ཀོང་ཀྲོའུ་གྲོང་ཁྱེར་ཧྥན་ཡུས་ཆུས་སུ་ཁུལ་ཆུང་རྙིང་པ་21དང་གྲོང་མི་དུད་ཚང་7500ལྷག་ཙམ་གྱི་ཆུ་སྤྱོད་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་ཟླ་པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་ཉེར་ཡོད་པ་རེད།
ཀོང་ཀྲོའུ་ཐེན་ཧོ་རིག་ལྡན་གྲོང་གི་ལོ་1ལམ་ལུགས་ཅན་གྱི་ཆ་ཚང་སློབ་གྲྭ་ཞིག་མཛེས་བཟོ་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཟླ་པར་དངོས་སུ་སློབ་འགོ་ཚུགས་རྒྱུ་ཡིན་པ་རེད། སློབ་གྲྭའི་སྒོ་འགྲམ་གྱི་སྟོང་ཧྥུའུ་220ཟིན་པའི་མཐོ་གནོན་གློག་འདྲེན་སྐུད་ལམ་དུམ་བུ་ཞིག་ཀྱང་བཤིག་གྲབས་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་ལ་རྒྱལ་ཡོངས་སུ་སྔོན་དཔག་བྱས་ན་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་སྤྱི་ལེ་ཁྲི་77འཛུགས་སྐྲུན་དང་བསྒྱུར་བཀོད་བྱ་རྒྱུ་རེད།

དངོས་ཟོག་སྐྱེལ་འདྲེན་དྲ་བ།
འབྲི་ཆུའི་ཆུ་ལམ་ཡག་ཤོས་ཀྱི་འགག་རྩའི་མཚམས་ཚིགས་ཏེ་ཅང་སུའུ་ཐའེ་ཚང་གྲུ་ཁ་རུ་གྲུ་ཁའི་ཤོང་ཚད་རྒྱ་སྐྱེད་དང་སྣ་མང་མུ་འབྲེལ་སྐྱེལ་འདྲེན་མ་ལག་རིམ་སྤར་གྱི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་འགྲོ་བཞིན་ཡོད། གྲུ་ལམ་རྒྱ་སྐྱེད་མང་གཏོང་དང་གྲངས་གཞི་ཕན་ཚུན་སྤེལ་རེས་བྱས་པ་བརྒྱུད། དེ་སྔ་དུས་ཡུན་རིང་པོ་གྲུ་ཁར་སྒུག་པའི་དུས་ཚོད་ཆེས་ཆེར་ཉུང་དུ་ཕྱིན་པ་དང་ཟོག་འགྲེམས་བགྲོད་ལམ་གྱི་འཁོར་རྒྱུག་ལས་ཕྱོད་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།

གློག་དྲ་གསར་པ།
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3620ཟིན་པའི་སི་ཁྲོན་ནུབ་རྒྱུད་ས་མཐོར་རྔ་བའི་སྟོང་ཧྥུའུ་1000ཟིན་པའི་གློག་སྒྱུར་ས་ཚིགས་དེ་གློག་རླངས་ཨར་ལས་ཀྱི་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད།ནུས་རྒྱུའི་འཕར་རྩ་ཆེན་པོའི་འགག་རྩའི་མཚམས་ཚིགས་ཤིག་ཡིན་པའི་ངོས་ནས་ལས་གྲྭ་བསྐྲུན་ཚར་རྗེས་རྔ་བའི་བགྲོད་ལམ་གྱི་རླུང་གློག་འོད་ཧྥུ་དང་ཆུ་གློག་སྐྱེལ་འདྲེན་བྱེད་ནུས་ལྡབ་གཅིག་ཆེ་རུ་འགྲོ་རྒྱུ་རེད།
རྔ་བ་རུ་གསར་དུ་བཀོད་སྒྲིག་བྱས་པའི་རིག་ནུས་སྐོར་ཞིབ་མི་མེད་གནམ་གྲུའི་ཚང་དང་དམར་ཕྱིའི་འོད། མཐོང་ཐུབ་འོད་ཀྱི་བརྙན་མིག་སོགས་དྲ་ཐོག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཀྱིས་"་བར་སྣང་+ས་ངོས་"ཀྱི་ལངས་གཟུགས་སྐོར་ཞིབ་རྣམ་པ་གསར་པ་བཏོད་དེ་ལས་ཀའི་དུས་ཚོད་ཉིན་གཅིག་ནས་ཆུ་ཚོད་གཅིག་བར་ཉུང་དུ་གཏོང་ཐུབ།
རྩིས་ཤུགས་དྲ་བ།
ཧོ་ནན་ཀྲེང་ཀྲོའུ་ཡི་སྐྱེ་དངོས་ཚོད་ལྟ་ཁང་ཞིག་ཏུ་འགོག་གཟུགས་སྨན་རྫས་གདམ་པའི་གོ་རིམ་ལ་ཚོད་ལྟ་ར་སྤྲོད་བྱེད་བཞིན་ཡོད་པ་དང་། སྨན་རྫས་ཇུས་གཞི་ཚང་མ་མིས་བཟོས་རིག་སྟོབས་རྩི་ཐབས་ལ་བརྟེན་ནས་གྲུབ་པ་རེད།
ཚད་བརྒལ་རྩིས་རྒྱག་དང་་བློ་གྲོས་རྩིས་རྒྱག་མཉམ་འདྲེས་ཀྱི་རྩིས་རྒྱག་ནུས་པ་གཅིག་གྱུར་འཆར་འགོད་བྱས་ནས། རྙོག་འཛིང་ཆེ་བའི་ཞིབ་འཇུག་གསར་སྤེལ་ལས་འགན་གྱིས་ཉིང་ལྷེབ་སྒྲོམ་གཞིའི་བར་གྱི་བཀག་རྒྱ་གཏོར་བ་དང་།ད་དུང་གོམ་གང་མདུན་སྤོས་ཀྱིས་རང་འགུལ་ཅན་གྱི་རྩིས་རྒྱག་བཀོད་སྒྲིག་བྱས་ཆོག དེས་མ་གཞི་ཟླ་བ་གཅིག་ཙམ་འགོར་བའི་རྩིས་རྒྱག་ལས་འགན་དེ་གཟའ་འཁོར་གཅིག་བར་ཉུང་དུ་གཏོང་ཐུབ་ཀྱི་ཡོད།

དུས་རབས་གསར་པའི་འཕྲིན་གཏོང་དྲ་བ།
5G-Aཡི་ཐོན་ལས་ལེ་ལག་རིམ་སྤོར་ནས་6Gའབྱུང་འགྱུར་ཐོན་ལས་ཀྱི་རྒྱང་ལྟའི་བཀོད་སྒྲིག་བར་དང་། ཀྲའོ་ཝ་སྟོང་ཅན་ཆ་ཡི་དྲ་བ་ཁྱབ་གདལ་གཏོང་བ་ནས་ཀྲའོ་ཝ་ཁྲི་ཅན་ཆ་ཡི་ཚོད་ལྟ་རྒྱ་སྐྱེད་གཏོང་བའི་བར། འཕྲིན་གཏོང་དྲ་བ་ལེགས་སྒྱུར་རིམ་སྤོར་བྱས་པ་དེས་བརྡ་རྟགས་བརྒྱུད་སྤྲོད་དེ་བས་བདེ་བླག་བྱུང་བ་མ་ཟད། དྲ་རྒྱའི་སྒྲིག་ཆས་དང་ལྟེ་བའི་མཁྲེགས་ཆས་ནས་རིག་ནུས་མཐའ་སྣེའི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་རིམ་སྤོར་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




