ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཟས་རིགས་འདི་ཚོ་ཆུ་བཙོས་ཡག་པོ་རྒྱག་དགོས།

2026-06-01 09:35:00     责编:卓玛才让

ཆུ་བཙོས་རྒྱག་པ་ནི་ཟས་རིགས་ཁག་ཅིག་གཡོས་སྦྱོར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། འོན་ཀྱང་། བྱ་ཐབས་མ་འགྲིག་ན་ཟས་ཀྱི་བྲོ་བ་ཤོར་འགྲོ་བ་མ་ཟད། གཟུགས་པོའི་བདེ་ཐང་ལའང་གནོད་སྲིད་པས། གཤམ་གསལ་གྱི་ཟས་རིགས་འདི་དག་ཆུ་བཙོས་ཡག་པོ་རྒྱག་ཤེས་པ་དགོས།

རྩྭ་སྐྱུར་འདུས་པའི་སྔོ་ཚལ་ཚང་མ་ཆུ་ཁོལ་ནང་དུ་ཅུང་ཟད་བཙོས་རྗེས་ཆུ་གྲང་མོའི་ནང་སྦངས་ཙམ་བྱས་ན་རྩྭ་སྐྱུར་ཕལ་ཆེ་བ་སེལ་ཐུབ་པ་དང་། རོ་བསྐ་བ་ཨ་རུ་རའི་རོ་ལྟ་བུ་ཡང་གཞི་རྩའི་ཆ་ནས་སེལ་ཐུབ།

ཚལ་ཀོ་པི་རིགས་དང་། ཤྭ་མོའི་རིགས། དེ་བཞིན་རྩད་པའི་(根茎)རིགས་སོགས་ཆུས་འཁྲུ་ཁག་པའི་སྔོ་ཚལ་དེ་དག་ཆུ་ཚ་པོའི་ནང་ཆུ་བཙོས་སྐར་མ་1ནས་2བར་རྒྱག་དགོས།

རང་བྱུང་དུག་རྒྱུ་ཡོད་པའི་སྔོ་ཚལ་ནི་ངེས་པར་དུ་ཆུ་བཙོས་རྒྱག་དགོས་པ་མ་ཟད། ཆུ་བཙོས་བརྒྱབ་ཟིན་པའི་སྔོ་ཚལ་གྱི་ཆུ་ཡང་བསྐྱར་བེད་སྤྱོད་བྱ་རྒྱུ་མེད།

● སྟར་རྒྱུ་སྲན་མ་(芸豆)དང་། སྲན་ལེབ། རྒྱ་སྲན། སྲན་རིང་བཅས་ཚང་མར་ཙའོ་ཀན་(皂苷)ལྡན་པས། ཆུ་བཙོས་ཡག་པོ་མ་བརྒྱབ་ན་ཡར་སྐྱུག་མར་བཤལ་བྱེད་ངེས། གྲང་ཚལ་རིགས་སྔོན་ལ་ཆུ་ཁོལ་གྱིས་སྐར་མ་ལྔ་བཙོ་དགོས་ཤིང་། ཁ་དོག་ནག་པོ་དང་མཉེན་མོ་ཆགས་པ་བྱེད་དགོས། 

● ཚལ་གསའ་ལག་(蕨菜)ཆུ་ཁོལ་མའི་ནང་སྐར་མ་3ནས་5བར་བཙོ་དགོས་པ་དང་། དེ་ནས་ཆུ་གྲང་མོའི་ནང་མཚན་གང་རིང་སྦངས་དགོས། 

● སྨྱུག་རྩྭ་སོས་པ་མ་བརྔོས་གོང་། ཆུ་གྲང་མོའི་ནང་བླུགས་ནས་ཆུ་ཁོལ་རྗེས་སླར་ཡང་སྐར་མ་5ནས་10བར་བཙོ་དགོས།

● སྲན་མྱུག་ལ་བརླན་གཤེར་ཆེ་བའི་ཁོར་ཡུག་ཏུ་ཧྲ་མོན་འབུ་ཕྲ་དང་ལི་སི་ཐེ་འབུ་ཕྲ་འབྱུང་སླ་བས། ཆུ་ཁོལ་མའི་ནང་སྐར་ཆ་30ནས་སྐར་མ་1བར་བཙོ་དགོས།

● ཞོག་ཤིང་རྗེན་པ་ལ་གླང་རྒན་གསོད་པའི་དུག་ཤེད་ཆེན་པོ་ལྡན་པས། པགས་པ་བཤུས་ནས་ལེབ་མོར་བཏུབ་རྗེས་ཆུ་གྲང་མོའི་ནང་ཆུ་ཚོད་1སྦངས་རྗེས་ཡང་བསྐྱར་ཆུ་ཁོལ་མའི་ནང་སྐར་མ་20ཡན་ལ་ཚོས་པོ་བཙོ་དགོས། 

● གཞན་ཡང་སི་ཀྭ་དང་ཧོང་ཀྭ་གཉིས་རོ་སྐྱུར་མོ་ཆགས་པ་ནི་ཀྭ་བེད་གཞི་རྒྱུ་ཚད་ལས་བརྒལ་བ་ཡིན་པས། ཆུ་བཙོས་བརྒྱབ་ཀྱང་རྔོ་མི་ཐོགས་ཤིང་ཐད་ཀར་གཡུགས་ན་བཟང་།

མཚོ་ཟས་རིགས་ནི་ངེས་པར་དུ་ཆུ་ཁོལ་མའི་ནང་དུ་བཙོ་དགོས། གྲང་འཁྱགས་བཏང་བའི་མཚོ་ཟས་རིགས་ངེས་པར་དུ་སྔོན་ལ་འཁྱགས་པ་ཞུ་རྗེས་ཆུ་བཙོས་རྒྱག་དགོས་ཤིང་། ཆུའི་ནང་དུ་བཅའ་སྒ་དང་། ཆང་རྒྱུ། ཚྭ་བཅས་བརྒྱབ་ནས་ཉ་དྲི་དག་པ་བྱེད་དགོས།

ཤའི་རིགས་ཆུ་བཙོས་རྒྱག་སྐབས། དྲི་ངན་སེལ་ཞིང་ཤའི་བྲོ་བ་མ་ཡལ་བ་བྱེད་འདོད་ན། ཆུ་གྲང་མོའི་ནང་ཤ་བླུགས་ནས་དེ་དང་མཉམ་དུ་སྒ་སྐྱ་དང་། གཡེར་མ། ཙོང་། ཆང་རྒྱུ་བཅས་བརྒྱབ་སྟེ་མེ་ཆུང་ཆུང་བཏང་ནས་རིམ་བཞིན་ཚ་དྲོད་རྒྱས་སུ་འཇུག་དགོས་ཤིང་། ཆུ་ཁོལ་ནས་སྐར་མ་1ནས་2བར་སོང་རྗེས་ཤ་ཚུར་བཏོན་ནས་ཆུ་དྲོ་འཇམ་གྱིས་བཀྲུ་དགོས།

ཆེ་ཙི་དང་། ཞོག་ཁོག སྲན་མའི་གང་བུ་(豆角)སོགས་སྣུམ་འཇིབ་སྔོ་ཚལ་ཐད་ཀར་ཆུ་བཙོས་བརྒྱབ་ནས་ཆ་ཕྱེས་ཙམ་ཚོས་པའི་རྗེས་ཚལ་སླང་ནང་བརྔོས་པ་ཡིན་ན། སྣུམ་འཇིབ་ཚད་ཧ་ཅང་ཉུང་དུ་གཏོང་ཐུབ་པས་ལུས་པོ་རྒྱགས་པོ་ཆགས་དོགས་སེམས་ཁྲལ་བྱེད་དགོས་མེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཟས་རིགས་འདི་ཚོ་ཆུ་བཙོས་ཡག་པོ་རྒྱག་དགོས།

ཆུ་བཙོས་རྒྱག་པ་ནི་ཟས་རིགས་ཁག་ཅིག་གཡོས་སྦྱོར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། འོན་ཀྱང་། བྱ་ཐབས་མ་འགྲིག་ན་ཟས་ཀྱི་བྲོ་བ་ཤོར་འགྲོ་བ་མ་ཟད། གཟུགས་པོའི་བདེ་ཐང་ལའང་གནོད་སྲིད་པས། གཤམ་གསལ་གྱི་ཟས་རིགས་འདི་དག་ཆུ་བཙོས་ཡག་པོ་རྒྱག་ཤེས་པ་དགོས།