ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཤིང་འབྲས་འདི་བཟས་རྗེས་ཆང་རག་འཐུང་རྒྱུ་མི་འདུག

2026-05-26 09:29:00     责编:卓玛才让

དེ་སྔ་ཧྥུ་ཅན་གྱི་བུད་མེད་ཅིག་གིས་ཤིང་འབྲས་ལིའུ་ལན་(榴莲)རྡོག་པོ་ཆེན་པོ་གཉིས་བཟས་རྗེས། སླར་ཡང་ཨ་རག་དཀར་པོ་ཧའོ་ཧྲེང་200ཙམ་བཏུངས་པའི་རྐྱེན་གྱིས་དབུགས་འབྱིན་རྔུབ་དཀའ་བ་དང་། དྲན་ཤེས་ཉམས་པ་སོགས་ཀྱི་ནད་རྟགས་ཚབས་ཆེན་ཐོན་འདུག

ཤིང་འབྲས་ལིའུ་ལན་དང་ཨ་རག་མཉམ་བསྲེས་ཀྱི་གནོད་འཚེ།

རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཧྲེ་ཅི་ཐན་སྨན་ཁང་ནད་ཐོག་འཚོ་བཅུད་ཚན་ཁག་གི་འབུམ་གཞན་སྨན་པ་ཅཱ་ཕིང་ཕིང་གིས། ཤིང་འབྲས་ལིའུ་ལན་དང་ཆང་བཅུད་མཉམ་དུ་བསྲེས་པའི་གནོད་འཚེའི་ལམ་སྲོལ་དེ་སྨན་རྫས་ཐོའུ་པའོ་རིགས་(头孢类)དང་འདྲ་མཚུངས་ཡིན་པ་བསྟན་གནང་འདུག

ཤིང་འབྲས་ལིའུ་ལན་ནང་དུ་མུ་ཟི་འདྲེས་འགྱུར་རྫས་མང་པོ་འདུས་ཡོད་ཅིང་། དངོས་པོ་འདི་རིགས་ཀྱིས་མིའི་ལུས་ཕུང་ནང་གི་ཆོན་ཁ་པའི་ཆིན་འདོར་རྩབས་(乙醛脱氢酶)ཀྱི་གསོན་གཤིས་འགོག་སྲིད། ཆང་བཅུད་བརྗེ་ཚབ་བྱེད་པར་ཆོན་ཁ་པའི་ཆིན་འདོར་རྩབས་དགོས་པ་དང་།  གལ་ཏེ་རྩབས་བཀག་ན་ཆང་བཅུད་བརྗེ་ཚབ་མི་ཐུབ་ཅིང་། དུག་ལྡན་ཆོན་ཁ་པ་མང་པོ་ལུས་ཕུང་ནང་དུ་ཕུང་གསོག་ཐེབས་ནས། “མུ་ལོན་ཟུང་འདྲའི་འགྱུར་འབྱུང་” (双硫仑样反应)ཞེས་པའི་ནད་རྟགས་འབྱུང་སྲིད།

ཆོན་ཁ་པ་ཕུང་གསོག་ཐེབས་ན་ཁྲག་རྩ་རྒྱས་པ་དང་། སྙིང་གི་ཤ་གནད་ལ་གནོད་འཚེ་བཟོ་བ། དབུགས་འབྱིན་རྔུབ་དཀའ་བ་མ་ཟད། ཚབས་ཆུང་ན་སྐྱི་པགས་དམར་པོར་འགྱུར་བ་དང་། སེམས་འཚབ་ཅིང་སྙིང་གཡུག་པ། སྐྱུག་མེར་ལངས་བ། ཚབས་ལྗིད་ན་ཁྲག་ཤེད་གློ་བུར་དུ་ཇེ་དམའ་རུ་འགྲོ་བ། དབུགས་འབྱིན་རྔུབ་དཀའ་བ། དྲན་མེད་དུ་བརྒྱལ་བ། དབུགས་འབྱིན་རྔུབ་ཀྱི་འཁོར་སྐྱོད་ཉམས་པ་སོགས་ཀྱི་ནད་རྟགས་གང་མང་ཐོན་སྲིད་ཅིང་། གལ་སྲིད་དུས་ཐོག་ཏུ་སྐྱོབ་བཅོས་མ་ཐུབ་ན་ཚེ་སྲོག་ལ་ཉེན་ཁ་ཡོད།

ཤིང་འབྲས་ལིའུ་ལན་ཟོས་རྗེས་ཆང་རག་འཐུང་བའི་དུས་ཚོད།

སྨན་པས་དྲན་སྐུལ་གནང་བར། ཤིང་འབྲས་ལིའུ་ལན་བཟའ་བའི་སྔ་རྗེས་དུས་ཚོད་ཆུ་ཚོད་24ཡི་ནང་ཆང་བཅུད་འདུས་པའི་བཟའ་བཏུང་གང་ཡང་བསྟེན་མི་རུང་ཞིང་། ལུས་པོར་མི་འཕྲོད་མཁན་ནམ་མཆིན་པའི་བྱེད་ལས་ཞན་པའི་མི་ཚོགས་ཀྱིས་ཤིང་འབྲས་ལིའུ་ལན་དང་ཆང་འཐུང་བའི་དུས་ཚོད་ཀྱི་བར་མཚམས་ཉུང་མཐར་ཡང་ཉིན་3འཇོག་དགོས།

ལུས་པོར་མི་འཕྲོད་པ་བྱུང་ན་ཁ་གཏད་གཅོག་ཐབས།

གལ་སྲིད་ཆང་རག་བཏུངས་པའི་རྗེས་བཟའ་མི་རུང་བའི་ཟས་རིགས་སམ་སྨན་རྫས་སྣང་མེད་དུ་ཟོས་ནས་གོང་དུ་གླེང་བའི་“མུ་ལོན་ཟུང་འདྲའི་འགྱུར་འབྱུང་”ཞེས་མདོར་བསྡུས་ནས་བཤད་ན་ལུས་པོར་མི་འཕྲོད་པའི་སྣང་ཚུལ་ཅི་རིགས་ཐོན་ན་ཁ་གཏད་འདི་ལྟར་འཇལ་དགོས་པ་སྟེ།

■ མྱུར་དུ་ཆང་རག་གམ་ཆང་བཅུད་འདུས་པའི་བཟའ་བཏུང་སྤྱོད་མཚམས་འཇོག་དགོས། 

■ སྡོད་ས་དེ་རང་དུ་མར་བསྡད་པའམ་ཡང་ན་ལུས་དྲོང་པོར་ཉལ་ནས་མགོ་བོ་གཞོགས་གཅིག་ལ་ཕྱོགས་ཏེ་སྐྱུག་པ་སྐྱུགས་པའམ་ཡང་ན་མགོ་ཡུ་འཁོར་ནས་ས་ལ་འགྱེལ་བའི་རྗེས་མཐུད་གནོད་འཚེ་སྔོན་འགོག་བྱེད་དགོས།

■ ལམ་སེང་མྱུར་སྐྱོབ་ཁ་པར་120བརྒྱབ་པའམ་ཡང་ན་མི་གཞན་གྱིས་ཐག་ཉེ་བའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དགོས།

ཤིང་འབྲས་ལིའུ་ལན་ཟ་དུས་དོ་སྣང་བྱེད་དགོས་པ།

དེང་སང་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་ཐོག ཤིང་འབྲས་ལིའུ་ལན་དང་འབྲེལ་བའི་གསར་གཏོད་ཅན་གྱི་ཟ་ལུགས་མང་པོ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པ་དང་། འགའ་ཤས་ཀྱིས་རླུང་སྲེག་སླ་ངའི་ནང་ཤིང་འབྲས་ལིའུ་ལན་བསྲེགས་ནས་དེ་དང་མཉམ་དུ་ཀྲེ་ཧྲི་སྡེབ་སྦྱོར་བྱས་ནས་ཟ་རྒྱུར་དགའ་པོ་བྱེད་ཀྱི་ཡོད།

འོན་ཀྱང་རིགས་གཅིག་མཁས་པས་དྲན་སྐུལ་གནང་གསལ་ལ། ཤིང་འབྲས་ལིའུ་ལན་ཞག་ཚི་ཆེ་བ་དང་། མངར་ཆ་མང་བ། ཚ་ནུས་ཆེ་བ་བཅས་ཡོད་པ་མ་ཟད། ད་དུང་སྲོ་སྐམ་བཏང་ནས་ཀྲེ་ཧྲི་དང་མཉམ་དུ་སྡེབ་སྒྲིག་བྱས་ཚེ་ཚ་ནུས་སྔར་བས་ཆེ་རུ་འགྲོ་སྲིད་པས། གཅིན་པ་མངར་འགྱུར་གྱི་ནད་དང་། མཁལ་མའི་ནད། ཁྲག་ཤེད་མཐོ་བ་བཅས་ཀྱི་ནད་པ་དང་ལུས་པོར་མི་འཕྲོད་མཁན་ཚོས་ཡིད་གཟབ་བྱེད་དགོས།

གཞན་ཡང་། བདེ་ཐང་གི་མི་དར་མས་ཉིན་ལྟར་ལིའུ་ལན་བཟའ་བའི་ཚད་གཞི་དེ་ཁེ་100ནས་350བར་དུ་ཚོད་འཛིན་བྱེད་དགོས་ཤིང་། བཟས་དྲགས་ན་ཕོ་མཚེར་གྱི་ཁུར་པོ་ཆེ་རུ་སོང་ནས་གྲོད་པ་སྦོས་པ་སོགས་གཟུགས་པོ་མི་བདེ་བ་འབྱུང་སྲིད།

དུས་ཚོད་རིང་པོ་ཕྱིན་པའི་ཤིང་འབྲས་ལིའུ་ལན་བཟའ་མི་རུང་།

སྨིན་ཟིན་པའི་ཤིང་འབྲས་ལིའུ་ལན་25°Cཡན་གྱི་ཁོར་ཡུག་ཏུ་དུས་ཚོད་རིང་པོ་ཉར་ཚགས་བྱས་ན། འདག་འདག་ཆགས་སླ་པོ་ཡོད། གལ་ཏེ་ལིའུ་ལན་གྱི་པགས་པ་གས་ཟིན་པའམ་པགས་པ་བཤུས་ཟིན་ན། འཁྱག་སྒམ་ནང་དུ་ཉར་ཚགས་བྱས་པའི་ཐོན་རྫས་བདམས་དགོས་ཤིང་། དབྱང་འགྱུར་དང་སྦགས་བཙོག་གི་ཉེན་ཁ་ཆུང་བ་ཡོད།

ད་དུང་ལིའུ་ལན་མ་ཟོས་པའི་སྔོན་ལ་ཆང་དྲི་བྲོ་མིན་དང་། མདོག་འགྱུར་མིན། རུལ་ཐིག་ཡོད་མེད་བཅས་ལ་ཡག་པོ་བལྟ་དགོས་སོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཤིང་འབྲས་འདི་བཟས་རྗེས་ཆང་རག་འཐུང་རྒྱུ་མི་འདུག

དེ་སྔ་ཧྥུ་ཅན་གྱི་བུད་མེད་ཅིག་གིས་ཤིང་འབྲས་ལིའུ་ལན་(榴莲)རྡོག་པོ་ཆེན་པོ་གཉིས་བཟས་རྗེས། སླར་ཡང་ཨ་རག་དཀར་པོ་ཧའོ་ཧྲེང་200ཙམ་བཏུངས་པའི་རྐྱེན་གྱིས་དབུགས་འབྱིན་རྔུབ་དཀའ་བ་དང་། དྲན་ཤེས་ཉམས་པ་སོགས་ཀྱི་ནད་རྟགས་ཚབས་ཆེན་ཐོན་འདུག