ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མ་སི་ཁེ་དང་ཁུའུ་ཁེ་སོཌ་ཐེ་རོན་ཕུའུ་དང་ལྷན་དུ་ཀྲུང་གོར་ཕེབས་རྒྱུ།

2026-05-13 16:06:00     责编:卓玛才让

ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཟླ་5ཚེས་13ནས་ཚེས་15ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། CCTV4ཡི་《དེང་གི་ཨ་ཤེ་ཡ་》ཞེས་པས་ཟླ་5ཚེས་12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཕོ་བྲང་དཀར་པོས་ཚེས་11ཉིན་ཐེ་རོན་ཕུའུ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་གྱི་ཚོང་དོན་ལས་རིགས་ཀྱི་མི་སྣ་གཙོ་བོ་ཁག་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད།

ཨ་རིའི་སྨྱན་སྦྱོར་ལས་ཁུངས་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁྱོན་བསྡོམས་ཨ་རིའི་ཚོང་དོན་ལས་རིགས་ཀྱི་འཐུས་མི་16པེ་ཅིང་དུ་ཕེབས་རྒྱུ་ཡིན་པ་དང་། ཁོང་ཚོས་ཚབ་མཚོན་དུ་བྱེད་པའི་ཨ་རིའི་ཁེ་ལས་ནང་ཚན་རྩལ་དང་། དངུལ་རྩ། མཁའ་འགྲུལ། ཞིང་ལས་སོགས་ཁྱབ་ཁོངས་མང་པོ་ཡོད་པ་རེད།

ཚན་རྩལ་ཁྱབ་ཁོངས་ནས་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་གྱི་ཨ་རིའི་ཁེ་ལས་ཀྱི་འཐུས་ཚབ་གྲས་སུ། ཐེ་སི་ལ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་མ་སི་ཁེ་དང་། ཀུ་ཤུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཁུའུ་ཁེ། དེ་བཞིན་ཀའོ་ཐུང་དང་མེ་ཀོང་སོགས་གློག་འདྲེན་ཕྱེད་གཟུགས་ཁེ་ལས་ཀྱི་འགན་འཁུར་མི་སྣ་ཡོད་པ་རེད།

དངུལ་རྩའི་ཁྱབ་ཁོངས་ནས་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་གྱི་ཨ་རིའི་ཁེ་ལས་ཀྱི་འགན་འཁུར་བའི་གྲས་སུ་ཧྭ་ཆི་དང་ཀའོ་ཧྲེང་།ཧེ་ཧྲི་སོགས་ཧྭ་ཨར་ཅེ་ཁྲོམ་གཞུང་གི་ཁེ་ལས་མཁས་པ་ཡོད་པ་རེད།

གཞན་ཡང་། པོ་དབྱིན་ཀུང་སི་དང་ཅ་ཅི་ཀུང་སིས་ཁག་སོ་སོར་མཁའ་འགྲུལ་དང་ཞིང་ལས་ཁྱབ་ཁོངས་ཀྱི་ཚབ་བྱས་ཏེ་ཕེབས་རྒྱུ་ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

མ་སི་ཁེ་དང་ཁུའུ་ཁེ་སོཌ་ཐེ་རོན་ཕུའུ་དང་ལྷན་དུ་ཀྲུང་གོར་ཕེབས་རྒྱུ།