ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བརྙན་འཕྲིན་ནང་གི་སྨན་རྫས་བརྡ་ཁྱབ་རྫུན་མ་མེད་པ་བཟོས་འདུག

2026-04-10 17:00:00     责编:卓玛才让

དུས་སྐབས་ཤིག་གི་རིང་། རླུང་འཕྲིན་དང་བརྙན་འཕྲིན་གྱི་སྨན་རྫས་བརྡ་ཁྱབ་ནང་དྲིལ་བསྒྲགས་རྫུན་མ་བྱས་པ་དང་། སྨན་བཅོས་དང་སྨན་རྫས་ཀྱི་ཕན་ནུས་དང་དྲག་སྐྱེད་ནུས་པ་སོགས་འུད་སྒྲོག་སྒྲོ་བཏགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་ཡོད་པར་དམིགས་ཏེ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་2025ལོའི་ཟླ་8པ་ནས་བཟུང་རྒྱལ་ཡོངས་ཁྱབ་ཁོངས་སུ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཤིང་། ཞིང་ཆེན་རིམ་པའི་རླུང་འཕྲིན་བརྙན་འཕྲིན་སྲིད་འཛིན་སྡེ་ཚན་དང་མཉམ་དུ་ཆེད་དམིགས་ལས་ཀའི་ཇུས་གཞི་བཟོས་ནས་ཞུ་གཏུག་བདག་སྤྲོད་དང་ལྟ་ཞིབ་ཚད་ལེན་གྲལ་བཤེར། ཞིབ་འཇུག་བརྡར་ཤ་གཅོད་པ། དག་ཐེར་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། མཐུན་སྦྱོར་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། སྒྲིག་འགལ་བརྡ་ཁྱབ་དུས་ཐོག་ཏུ་ཤེས་རྟོགས་དང་། ངོས་འཛིན་གནད་སྨིན། ཐག་གཅོད་ནུས་ལྡན་བཅས་ཡོང་བར་འགན་ལེན་བྱས་ཡོད། ད་ལོའི་ཟླ་3པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་བརྙན་འཕྲིན་འཕྲིན་ལམ་གྱི་སྨན་བཅོས་དང་སྨན་རྫས་སྐོར་གྱི་བརྡ་ཁྱབ་རྫུན་མ་ཁྱོན་ཡོངས་ནས་གཙང་སེལ་བྱས་ཟིན་པ་རེད།

སླད་ཕྱིན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཞིང་ཆེན་རིམ་པའི་རླུང་འཕྲིན་བརྙན་འཕྲིན་སྲིད་འཛིན་སྡེ་ཚན་དང་མཉམ་དུ་མུ་མཐུད་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་བྱས་ནས། གནད་དོན་བསྐྱར་དུ་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

བརྙན་འཕྲིན་ནང་གི་སྨན་རྫས་བརྡ་ཁྱབ་རྫུན་མ་མེད་པ་བཟོས་འདུག