སྐབས་དྲུག་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་འགྲེམ་ཁང་སྐྲུན་འགོ་ཚུགས་པ།
སྐབས་དྲུག་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་དེ་ཟླ་4ཚེས་13ཉིན་ནས་ཚེས་18ཉིན་བར་ཧའེ་ནན་དུ་འཚོག་རྒྱུ་ཡིན་པ་དང་། གསར་འགོད་པས་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མིག་སྔར་འགྲེམ་ཁང་སྐྲུན་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འགྲེམ་སྟེགས་ཀྱི་དངོས་རྫས་དབོར་འདྲེན་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་ཆུང་ཀྲོའུ་མཚོ་འགག་བརྒྱུད་ཧའེ་ནན་དུ་སྐྱོད་བཞིན་ཡོད་པ་རེད།
ཧའེ་ནན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ཀྱི་འགྲེམ་ཁང་ཁག་ཏུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། བཟོ་པ་ཚོས་འགྲེམ་སྟེགས་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་འགྲེམ་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་14.3ཟིན་པ་དེ་སྐབས་གོང་མ་ལས་སྨི་ངོས་གྲུ་ཁྲི་1.3རྒྱ་ཆེ་རུ་ཕྱིན་པ་དང་། སྐབས་དེ་དུས་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་ནས་ཡོང་བའི་སྤུས་རྟགས་3400ལྷག་ཙམ་འགྲེམ་སྟོན་ནང་ཞུགས་རྒྱུ་ཡིན་པ་དང་།རྒྱལ་སྤྱིའི་འགྲེམ་དངོས་ཀྱིས་བཟུང་བའི་བསྡུར་གྲངས་65%ཟིན་རྒྱུ་རེད།

ཧའེ་ནན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་དང་ཐག་མི་རིང་བའི་ཧའེ་ཁོའུ་གྲུ་ཁ་གསར་པར་དེ་དང་འདྲ་བར་བྲེལ་འཚུབ་ཤིན་ཏུ་ཆེ་བ་དང་། ས་གནས་ཁག་ནས་ཡོང་བའི་འགྲེམ་སྟེགས་སྐྲུན་དངོས་དང་འགྲེམ་རྫས་དབོར་འདྲེན་རླངས་འཁོར་གཅིག་སྡུད་ཐོག་ཧའེ་ནན་དུ་སྐྱོད་བཞིན་ཡོད། དངོས་རྫས་སྐྱེལ་འདྲེན་ནུས་ཆེ་བདེ་བླག་ཡོང་བའི་འགན་ལེན་བྱ་ཆེད།འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྱང་སྔ་སྣུར་དུ་བཀོད་སྒྲིག་བྱས་པ་དང་། ལྗང་མདོག་བགྲོད་ལམ་ཤར་གཏོང་ཐུབ་པར་བྱས་ནས། འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་སྔོན་ལ་མགྱོགས་མྱུར་ངང་མཚོ་འགག་ལས་བརྒལ་ཐུབ་པ་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




