ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཨུ་ཡུག་ནས་འཛིན་བཟུང་བྱས་པའི་མི་314བརྗེ་རེས་བྱས་འདུག

2026-02-06 16:35:00     责编:卓玛才让

 

△俄罗斯国防部(资料图)

ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་5ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་བཏང་བའི་ནང་། ཨུ་རུ་སུས་དམག་འཁྲུག་ནང་ཡུག་རེན་ཕྱོགས་ནས་བཟུང་བའི་མི་སྣ་157ཚུར་བསུས་པ་དང་། དེའི་དོད་དུ་ཨུ་རུ་སུས་བཟུང་བའི་ཡུག་རེན་བ་157ཕར་ཡུག་རེན་ལ་རྩིས་སྤྲད་ཡོད་ཅེས་བརྗོད་འདུག

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས། མིག་སྔར་ཨུ་རུ་སུའི་མི་སྣ་བྷེ་ཨུ་རུ་སུར་འབྱོར་ཟིན་ཞིང་། དགོས་ངེས་ཀྱི་རོགས་སྐྱོར་དང་ལེན་བྱེད་བཞིན་ཡོད་པ་དང་རྗེས་མཐུད་ཨུ་རུ་སུར་སྐྱེལ་ནས་སྨན་བཅོས་དང་ཁམས་གསོ་བྱ་རྒྱུ་རེད་ཅེས་བརྗོད་འདུག

ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཉིན་དེར་རང་ཉིད་ཀྱི་སྤྱི་འབྲེལ་སྨྱན་སྦྱོར་ཐོག་ཡི་གེ་སྤེལ་བའི་ནང་། ཨུ་རུ་སུས་གློད་འགྲོལ་བཏང་བའི་ཡུག་རེན་གྱི་མི་སྣ་157དེ་དག་ཡུག་རེན་དུ་བསུས་ཟིན། དེ་དག་ཁྲོད་དམག་མི་དང་མང་ཚོགས་ཚུད་ཡོད་ཅེས་བརྗོད་འདུག

ཨ་རིའི་ཙུང་ཐུང་གི་ཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོ་ཕུའུ་ཡིས་ཟླ་2ཚེས་5ཉིན་གྱི་སྔ་ཙམ་ལ་སྤྱི་འབྲེལ་སྨྱན་སྦྱོར་ཐོག་ཡི་གེ་སྤེལ་ནས། ཨུ་རུ་སུ་དང་། ཡུག་རེན། ཨ་རི་བཅས་ནས་ཨུ་རུ་སུ་དང་ཡུག་རེན་གྱིས་བཀག་ཉར་བྱས་པའི་མི་སྣ་314བརྗེ་རེས་བྱ་རྒྱུའི་གྲོས་མཐུན་བཞག་ཡོད། ཕྱོགས་ཁག་གིས་མུ་མཐུད་སྐད་ཆ་ཤོད་རེས་བྱ་རྒྱུ་ཡིན་པས། སྔོན་དཔག་བྱས་ན་མ་འོངས་པའི་གཟའ་འཁོར་ཁ་ཤས་ནང་འཕེལ་རིམ་དེ་བས་མང་བ་ཐོན་རྒྱུ་རེད་ཅེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཨུ་ཡུག་ནས་འཛིན་བཟུང་བྱས་པའི་མི་314བརྗེ་རེས་བྱས་འདུག