▶འགག་རྩའི་ཚིག་དེ་དག་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་དོན་ཅི།
སྤྱི་ལོ་2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་བཞིན་ཡོད་པ་དང་། ཚོགས་རའི་ཕྱི་ནང་དུ་གླེང་གཞི་གང་དག་ལ་དོ་ཁུར་བྱེད་མཁན་མང་བ་ཡོད་དམ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་འགག་རྩའི་ཚིག་གང་དག་གཙོ་གནད་དུ་གྱུར་ཡོད་དམ། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནང་ཁུལ་འགྲན་རྩོད་ལ་ངོ་རྒོལ་བྱེད་པ་ལ་སོགས་གླེང་གཞི་གང་དག་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་དམ། ང་ཚོས་སྙན་ཞུ་དེ་DeepSeekནང་བླུགས་ཚེ་གསལ་འགྲེལ་གང་འདྲ་ཞིག་བྱེད་སྲིད་དམ་ཞེ་ན། གཤམ་གྱི་བརྙན་མཐོང་དེ་ནས་རྒྱུས་ལོན་ཞིག་གནང་དང་།
འཛད་སྤྱོད་བྱ་ཡུལ་སྣ་མང་ཕུན་སུམ་ཚོགས་སུ་སོང་བ་ནས་གཞོན་ནུ་ཚོས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོས་པའི་ཁ་གསབ་ལེན་པའི་བར་དང་། སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་བརྗེ་སྒྱུར་རིམ་འཕར་བྱེད་པ་ནས་ཁེ་ལས་ཁག་རིན་གོང་གཅོག་རེས་བྱེད་པའི་འདམ་རྫབ་ནང་མི་ལྷུང་བའི་བར་སོགས་སྲིད་ཇུས་དེ་དག་གི་དམིགས་ཡུལ་གཅིག་པ་ཡིན་པ་དེ་ནི་མང་ཚོགས་ནས་འཛད་སྤྱོད་བྱེད་ཕོད་པ་དང་། ཁེ་ལས་ནས་གསར་གཏོད་གསར་སྐྲུན་བྱེད་ཕོད་པ། གོང་འཕེལ་གྱི་ཁེ་ཕན་མཉམ་སྤྱོད་བྱེད་པ་བཅས་རེད།
ལོ་གཅིག་དུས་གཅིག་གི་ཚོགས་ཆེན་གཉིས་ནི་གཅིག་ནས་རྒྱལ་ཁབ་དཔལ་འབྱོར་གྱི་ཕྱོགས་སྟོན་རེད་ལ། གཉིས་ནས་མང་ཚོགས་ཀྱི་འཚོ་བའི་ཡག་ཉེས་བརྟག་ཆས་ཤིག་ཀྱང་རེད། སྲིད་ཇུས་དེ་དག་ཤོག་ངོས་ནས་ཞིང་ཁའི་ནང་དང་འཁོར་ཁང་ནང་། སྲང་ལམ་སོགས་སུ་དོན་འཁྱོལ་ཐུབ་སྐབས། ང་ཚོས་རེ་སྒུག་བྱེད་པའི་ལས་གནས་མང་པོ་ཞིག་ཀྱང་བརྗེ་སྒྱུར་ཁྲོད་ཐོན་བཞིན་ཡོད་ལ། ཡོང་འབབ་དེ་བས་མང་བ་ཞིག་གསར་གཏོད་ཁྲོད་འཕར་སྣོན་ཡོང་བཞིན་ཡོད། དེ་བས་རེ་སྒུག་བྱེད་པའི་བྱ་དངོས་མང་པོ་ཞིག་ཀྱང་དངོས་གཉེར་ཁྲོད་མངོན་འགྱུར་ཡོང་བཞིན་ཡོད་པས་དཔལ་འབྱོར་གོང་འཕེལ་གྱི་གོམ་སྟབས་རེ་རེ་ནི་བདེ་སྐྱིད་ཀྱི་ཕྱོགས་སུ་བསྐྱོད་པའི་སྐས་རིམ་གསར་པ་ཞིག་ཡིན།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
སྒྲིག་སྒྱུར། བྱམས་པ་ཚེ་རིང་།