ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་རང་སྐྱོང་ལྗོངས་ཀྱི་དེ་སྔའི་འགོ་ཁྲིད་ཝང་ཡུང་གཞུང་གཏུག་བྱས་པ།

2025-02-18 17:20:00     责编:卓玛才让
     གསར་འགོད་པར་སྤྱི་ཚེས་18ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་ལྐོག་རྔན་བླངས་པར་དོགས་གཞི་ཡོད་པའི་གྱོད་དོན་དེར་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ནས་བརྟག་དཔྱད་བྱེད་འཇུག་འགྲིལ་བ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་གཏན་འཁེལ་བྱས་པ་བརྒྱུད། ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད། ཉེ་དུས་ཁྲེན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཁོ་པ་གཞུང་གཏུག་བྱས་ཡོད་པ་རེད།

     ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཞུ་གཏུག་བྱེད་སྐབས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཝང་ཡུང་ལ་གཏུག་བཤེར་དབང་ཆ་ཡོད་ལུགས་བརྗོད་པ་མ་ཟད། ཞུ་སྦྱོར་ཕྱི་མ་ཝང་ཡུང་ལ་འདྲི་རྩད་བྱས་ཤིང་། དག་འབུད་པའི་བསམ་འཆར་ཡང་ཉན་ཡོད་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་སྐྱོན་འཛུགས་བྱས་དོན། ཞུ་སྦྱོར་ཕྱི་མ་ཝང་ཡུང་གིས་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་དང་། དམངས་སྤྱོད་མཁའ་འགྲུལ་ཀུའེ་ཀྲོའུ་བདེ་འཇགས་ལྟ་སྡོམ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་དང་ཅུས་ཀྲང་། ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་དང་ལས་འཛིན་དཔོན། དེ་བཞིན་ཀུའེ་ཡང་ལུང་ཏུང་པའོ་རྒྱལ་སྤྱིའི་གནམ་ཐང་གི་དུས་རིམ་གསུམ་པའི་རྒྱས་སྐྲུན་ལས་གྲྭའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་སོགས་ཀྱི་འགན་གནས་ཐོག་གི་སྟབས་བདེ་དང་དེ་བཞིན་འགན་དབང་ངམ་གོ་གནས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་སྤྱད་ནས། མི་གཞན་ལ་ལུགས་མཐུན་མིན་པའི་ཁེ་ཕན་སྒྲུབ་རོགས་བྱས་པ་དང་། ཁྲིམས་འགལ་ཐོག་མི་གཞན་གྱི་ས་ནས་རྒྱུ་ནོར་བླངས་ཤིང་། རྒྱུ་ནོར་བླངས་པའི་འབོར་གྲངས་ཧ་ཅང་ཆེན་པོ་ཡོད་པས། ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་མིང་ཐོག་ནས་ཁོ་པའི་ཉེས་དོན་འགན་འཁྲི་ཁྲིམས་ལྟར་བདའ་འདེད་གཏོང་དགོས་ངེས་ཡིན་པའི་ངོས་འཛིན་བྱས་འདུག

中央广播电视总台 央广网 版权所有

བོད་རང་སྐྱོང་ལྗོངས་ཀྱི་དེ་སྔའི་འགོ་ཁྲིད་ཝང་ཡུང་གཞུང་གཏུག་བྱས་པ།