ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

2024ལོའི་རྒྱལ་ནང་གི་ཚན་རྩལ་གསར་འགྱུར་ཆེན་པོ་བཅུ།

2024-12-24 14:57:00     责编:娜科

  1.རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན། དེ་བཞིན་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་པེ་ཅིང་དུ་སྐོང་འཚོགས་བྱས་པ།

 

2.ཟླ་བ་ལྷ་མོ་དྲུག་པ་རྟགས་ཅན་གྱི་ལས་འགན་ཡིད་བཞིན་ལེགས་འགྲུབ་བྱུང་བ།

 

3.རང་རྒྱལ་གྱི་གཏིང་ཚད་རིང་བའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ཐོག་མ“ཕུགས་འདུན”རྟགས་ཅན་རྩིས་སྤྲོད་ལས་འགོ་ཚུགས་པ།

 

4.རང་རྒྱལ་གྱི་ཚན་རིག་མཁས་པས་ཕུལ་ཕྱིན་རྩིས་འཁོར་ལས་བརྒལ་བའི་ཕྲ་རྡུལ་ལད་ཟློས་འཕྲུལ་ཆས་ཐོག་མར་བཏོད་པ།

 

5.རང་རྒྱལ་གྱི་རབ་གསར་པའི་གནམ་གཤིས་རིམ་འདས་རྩིས་འཁོར་མ་ལག་བསྐྲུན་ཟིན་པ།

 

6.རང་རྒྱལ་གྱི་ཚན་རིག་མཁས་པས་ཞིབ་བཟོ་བྱས་པའི་Qརྟགས་ཅན་གྱི་མི་དབྱིབས་འཕྲུལ་མི་གཅིག་བསྡུས་ཐོག་སྟོན་པ།

 

7.རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཞིབ་ཚད་མཐོ་བའི་ཟླ་བའི་གོ་ལའི་ས་གཤིས་ཀྱི་པར་རིས་དངོས་སུ་ཡོངས་བསྒྲགས་བྱས་པ།

 

8.རང་རྒྱལ་གྱིས་ལེགས་འགྲུབ་ལྡན་པའི་ངང་ཡང་བསྐྱར་བེད་སྤྱོད་ཆོག་པའི་ཚུར་ལོག་རྣམ་པའི་ལག་རྩལ་ཚོད་ལྟའི་སྲུང་སྐར་བསྡུ་ལེན་བྱས་པ།

 

9.ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ལས་འགོ་ཚུགས་པ།

 

10.རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་གོ་ལ་ཧྲིལ་པོའི་ཀླད་འཕྲུལ་སྦྲེལ་བའི་རིག་ནུས་ཅན་གྱི་སྣོལ་རེས་མ་ལག་གསར་སྤེལ་བྱས་པ།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

སྒྲིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

2024ལོའི་རྒྱལ་ནང་གི་ཚན་རྩལ་གསར་འགྱུར་ཆེན་པོ་བཅུ།